༧གོང་ས་མཆོག་རྒྱ་གར་སྦེང་ལོར་དུ་ཞབས་སོར་འཁོད་གནང་བ།


2015.12.05
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྦེང་ལོར་དུ་ཞབས་སོར་འཁོད་གནང་བ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཞབས་སོར་འཁོད་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པདྨ་དངོས་གྲུབ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་ཞབས་སོར་འཁོད་གནང་མཛད་ཅིང་། དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའམ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་འདས་མཆོད་ཉིན་མོ་འཁེལ་བར་བརྟེན་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་མ་ཐག་དེ་ཕྱོགས་སུ་ཕེབས་བསུར་བཅར་བའི་སྐྱབས་རྗེ་ཡོངས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་འབྲས་སྤུངས་ཁྲི་པ་མཆོག་དང་གདན་ས་གྲྭ་ཚང་ཁག་གི་མཁན་བླ་དགེ་བཤེས་རྣམ་པ་ལྷན་རྒྱས་རྗེ་རིན་པོ་ཆེས་མཛད་པའི་རྟོགས་བརྗོད་བདུན་ལེགས་མ་གསུངས་པའི་ཐོག་ནས་མཆོད་འབུལ་ཐུགས་སྨོན་མཛད་ཅིང་། དེ་རྗེས་རྒྱ་གར་གྱི་ Wipro ཚོང་གཉེར་གྱི་ཚོང་བདག་ Azim Premji མཁེ་གཉེར་ལས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྒྱ་གར་གྱི་ཚོང་པ་ཆེ་ཁག་བརྒྱ་ཕྲག་གཅིག་ཙམ་མཉམ་འདུས་ཀྱིས་ཚོང་པ་ཚོའི་ངོས་ནས་སྤྱི་ཚོགས་ལ་ཕན་བདེ་གྲུབ་ཕྱོགས་ཀྱི་ཚོགས་འདུའི་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་འདུག།
སང་ཉིན་ཕྱི་ཚེས་ ༦ སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ནང་བརྟེན་གཞི་བྱེད་པའི་ཕྱི་རྒྱལ་གཞུང་ཚབ་ཡན་ལག་ལས་ཁུངས་ཁག་གི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བྱམས་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་ཐོག་ནས་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། དེ་ནས་ཉིན་རྒྱབ་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་ཤེས་ཡོན་ལྟེ་གནས་ཁང་གྲགས་ཅན་  རྒྱལ་ཡོངས་གོང་རིམ་ཤེས་ཡོན་ལྟེ་གནས་ཁང་ངམ། National Institute of Adavance Studies ཅེས་པ་དེའི་ནང་ཡོད་པའི་འབུམ་རམ་པའི་སློབ་ཕྲུག་ཁག་དང་སློབ་དཔོན་ཁག་གཅིག་དང་ལྷན་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་དང་འབྲེལ་བའི་གནད་དོན་སྐོར་ང་ཚོའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་བཏང་བར་གསན་རོགས༎

གསར་འགོད་པ་པདྨ་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎