༧གོང་ས་མཆོག་ནས་གུ་རུ་ན་ནཀ་འཁྲུངས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར།


2018.11.10
༧གོང་ས་མཆོག་ནས་གུ་རུ་ན་ནཀ་འཁྲུངས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར། ༧གོང་ས་མཆོག་ནས་སིག་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ གུ་རུ་ ནྰ་ནཱཀ་མཆོག་འཁྲུངས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་གནང་ཡོད་པ།
དགའ་ལྡན་ཕོ་བྲང༌།

༄༅། །༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་གཞོན་ཟུར་པ་ ཨད་ཝ་ཎི་ མཆོག་དགུང་གྲངས་༩༡ལ་ཕེབས་པའི་འཁྲུངས་སྐར་གྱི་འཚམས་འདྲི་གནང་བར་ ཨད་ཝ་ཎིའི་གཟིམ་ཤག་ལ་ཆིབས་བསྒྱུར་བསྐྱངས་གནང་མཛད་པའི་རྗེས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སིཁ་ཆོས་ལུགས་སྲོལ་གཏོད་པ་གུ་རུ་ན་ནཀ་དེཝ་ཇི་(Guru Nanak)འཁྲུངས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ཌོཀ་ཊར་མན་མོ་ཧན་སིངྒ( Dr. Manmohan Singh)མཆོག་གི་གཙོས་པའི་གནད་ཡོད་མི་སྣ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད།  དེ་བཞིན་སིཁ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོར་བཀའ་སློབ་བསྩལ་གནང་མཛད་སྐབས། རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་ལམ་སྲོལ་ལ་བསྔགས་བརྗོད་མཛད་པ་དང་། གཙོ་བོ་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་སྤེལ་རྒྱུའི་དགོངས་གཞི་སྐོར་བཀའ་གནང་འདུག
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་གྲུབ་རྗེས།  སང་ཉིན་ཕྱི་ཚེས་ ༡༡ ཉིན་མཁའ་ལམ་རྒྱུད་ཉི་ཧོང་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༤དང་༡༥གཉིས་ལ་ཉི་ཧོང་གྱི་གྲོང་ཁྱེར་ ཡོ་ཀོ་ཧྰ་མྰ(Yokohama)ནང་དུ་དད་ལྡན་མང་ཚོགས་ལ་ཤེས་རབ་སྙིང་པོ་དང་རྟེན་འབྲེལ་བསྟོད་པ།  དེ་བཞིན་སྒོམ་རིམ་བར་མ་བཅས་ཀྱི་གསུང་ཆོས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་ཆེ་གནང་མཛད་ཀྱི་ཡོད་པ་མ་ཟད།  དེ་ནས་ཕྱི་ཚེས་༡༦ཉིན་ཁུལ་དེར་ནང་པའི་ཚན་རིག་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད།
ཡང་ཕྱི་ཚེས་ ༡༧ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཉི་ཧོང་གི་རྒྱལ་ས་ Tokyo ནང་གནས་སྡོད་གཞོན་སྐྱེས་ཚོ་ལ་( We Are One་Family)འམ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་རེད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་ཚེས་༡༨ ཉིན་ཉི་ཧོང་གི་Chiba ས་གནས་སུ་ཤེས་རབ་སྐྱེད་ཚལ་གླིང་ལྟེ་གནས་ཁང་དབུ་འབྱེད་མཛད་རྒྱུ་སོགས་ཀྱི་མཛད་འཆར་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎