སངས་རྒྱས་པའི་ཆོས་དེ་རྨོངས་དད་ཙམ་མ་ཡིན་པར་རྒྱུ་མཚན་མཐའ་ཡས་པ་ཡོད་བསྡད་པ་ཞིག་རེད་འདུག ༸གོང་ས་མཆོག་གིས།

2022.12.02
སངས་རྒྱས་པའི་ཆོས་དེ་རྨོངས་དད་ཙམ་མ་ཡིན་པར་རྒྱུ་མཚན་མཐའ་ཡས་པ་ཡོད་བསྡད་པ་ཞིག་རེད་འདུག ༸གོང་ས་མཆོག་གིས། ༸གོང་ས་མཆོག་གིས་ཝེཏ་ནམ་ནས་ཕེབས་པའི་དད་ལྡན་བ་ཚོར་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༢།༢ ཉིན།
OHHDL

དེ་རིང་ཕྱི་ཟླ་༡༢ཚེས་༢ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཝེཏ་ནམ་ནས་ཕེབས་པའི་མི་གྲངས་༡༣ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱ་གར་མཁས་པ་སྤྱི་དང་དཔལ་ན་ལཎ་ཌའི་མཁས་པ་ཚོས། བཅོམ་ལྡན་འདས་ཀྱི་བཀའ་ལ་རྒྱུ་མཚན་ལྡན་པའི་སྤྱད་པ་བྱས་ཏེ། དེ་རིང་ཁ་སང་ཚན་རིག་པ་ཚོས་ང་ཚོའི་སེམས་བཟང་པོ་བྱེད་རྒྱུ་དང་སེམས་མ་འདུལ་བ་དེ་འདུལ་བར་བྱ་ཞེས་པ་དེའི་རིགས་ལ་དོ་སྣང་གནང་གི་ཡོད་པ་གསུངས་སོང་།

ཡང་༸གོང་ས་མཆོག་ནས་མུ་མཐུད་ཚན་རིག་པ་མང་པོ་ཞིག་ངོས་ཀྱི་འགྲམ་ལ་ཡོང་སྟེ། སེམས་ཁམས་རིག་པའི་སྐོར་ལ་སྐད་ཆ་བཤད་འདྲི་བ་དང། སེམས་ལ་ཁོང་ཁྲོ་དང་ང་རྒྱལ་མི་ཡོང་ཆེད། གཞན་ལ་བརྩེ་བའི་སེམས་ཆེ་རུ་ཡོང་ཆེད་སྐད་ཆ་འདྲི་མཁན་མང་པོ་ཡོང་གི་ཡོད་པ་དང་། དེར་བརྟེན་ང་ཚོ་སངས་རྒྱས་པའི་ཆོས་དེ་རྨོངས་དད་མ་ཡིན་པར་རྒྱུ་མཚན་མཐའ་ཡས་པ་ཡོད་བསྡད་པ་ཞིག་ཡིན་སྐོར་གསུངས་སོང་།

WhatsApp Image 2022-12-02 at 3.18.00 PM.jpeg

དེ་རིང་གི་མཇལ་བཅར་བ་ཚོའི་སྣེ་ཁྲིད་མཁན་གཙོ་བོ་ཝེཏ་ནམ་(Abot of Phap Tang temple)དགོན་པའི་མཁན་པོ་(Thich Giac Tam)ལགས་ཡིན་འདུག་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་དེ་སོ་སོའི་ཆོས་ལུགས་མ་གཏོགས། ངོས་ནས་ཆོས་ལུགས་བསྒྱུར་ནས་མི་ཚང་མ་ནང་པ་བྱེད་དགོས་པ་རེད་ཅེས་ནམ་ཡང་གསུང་གི་མེད་ལ། སོ་སོའི་ཆོས་ལུགས་དེ་མུ་མཐུད་འཛིན་རྒྱུ་དང་། ཆོས་ལུགས་ཚང་མའི་ཐུན་མོང་བསླབ་དེ་སེམས་བཟང་པོ་བྱ་རྒྱུ་གཅིག་གྱུར་ཡིན་སྐོར་གསུངས་སོང་།

མཇུག་ཏུ་༸གོང་ས་མཆོག་ནས་ཝེཏ་ནམ་གྱི་ནང་པ་དེ་ཚོ་གཙོས་ནམ་རྒྱུན་ངོས་ཀྱིས་བཤད་བསྡ་པ་བཞིན། ངོས་རང་ཆུང་ཆུང་སྐབས་ནས་སློབ་སྦྱོང་བྱས་ཏེ་ཡོང་བ་དང་། སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ།ནང་པའི་གཞུང་ནང་སེམས་བཟང་པོ་དང་སྙིང་བརྗེ་བྱེད་རྒྱུ་དེར་རྒྱུ་མཚན་མཐོང་ཡོང་དུས་ཤུགས་ཆེན་པོ་ཞེ་དྲགས་ཡོད་སྐོར་གསུངས་སོང་། གཞན་ཡང་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དྷ་སར་བརྟེན་གཞི་བྱས་པའི་ནོར་ཝེ་རླུང་འཕྲིན་ཁང་གི་ལས་བྱེད་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎