༸གོང་ས་མཆོག་ནས་ཨ་རིའི་ནང་གི་མཛད་འཕྲིན་དབུ་ཚུགས།

༸གོང་ས་མཆོག་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ནང་ཕེབས་འབྱོར་གནང་ཏེ་ཨ་རིའི་ནང་གི་མཛད་འཕྲིན་ཁག་དབུ་ཚུགས་གནང་ཡོད་པ་རེད།

2009.04.24

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་ཕུར་བུའི་ཉིན་ཨ་རིའི་ནང་ཕེབས་འབྱོར་གནང་ཏེ་ཨ་རིའི་ནང་གི་མཛད་འཕྲིན་ཁག་དབུ་ཚུགས་གནང་ཡོད་པ་རེད།

གཟའ་པ་སངས་ཉིན་༸གོང་ས་མཆོག་གིས་ཨ་རིའི་ཁེ་ལི་ཕོར་ནི་ཡའི་སེན་ཊ་སྦར་སྦ་ར་ཞེས་པའི་ས་གནས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྔ་དྲོའི་ཕྱག་ཚོད་དགུ་དང་ཕྱེད་ཀ་ནས་བཅུ་གཅིག་དང་ཕྱེད་ཀའི་བར་མིའི་རང་བཞིན་གྱི་བསམ་བློའི་འཁྱེར་བཟོ་ཞེས་པའི་བརྗོད་གཞིའི་ཐོག་ནས་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་དང་དེ་ནས་ཉིན་རྒྱབ་ཕྱག་ཚོད་གཉིས་པ་ནས་བཞི་པ་བར་དེང་དུས་དང་མཐུན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།

ས་ཁུལ་དེའི་ནང་གི་མཛད་འཆར་ཁག་ལེགས་སྒྲུབ་ཟིན་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་སྦོ་སི་ཊོན་དང་ནིའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱངས་ཀྱི་ཡོད་ཅིང་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་མེད་པ་དང་འདི་ལོའི་ལོ་མཇུག་གོང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཆིབས་བསྒྱུར་གནང་རྒྱུར་བོད་དོན་རྒྱབ་སྐྱོར་བ་ཚོས་རེ་བ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་ནས་ཁ་ས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཅང་དབྱུས་ཀྱི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ཨ་རི་གཞུང་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་མ་ཟད་ད་ལོའི་ཕྱི་ཟླ་བཅུ་པའི་ནང་༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ནས་༸གོང་ས་མཆོག་དང་ཕན་ཚུན་ཐུག་འཕྲད་གནང་མི་རུང་བའི་ཉེན་བརྡ་ཡང་བཏང་ཡོད་འདུག་ལ་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཅང་དབྱུས་ནས་ཏཱ་ལའི་བླ་མས་རྒྱལ་ཁབ་གང་འདྲ་ཞིག་གི་ནང་དུ་མིང་ཅི་འདྲ་ཞིག་འཁྱེར་ཏེ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་རྒྱུར་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎