༧གོང་ས་མཆོག་བེུད་ཉིན་མོ་སྲུང་བརྩིའི་མཛད་སྒོར་དབུ་བཞུགས་གནང་རྒྱུ།
2017.03.11
༄༅། །ཕྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བཙན་འཛུལ་བྱས་པར་ཞི་རྒོལ་ཆེད་ལོ་དེའི་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་པའི་བེུད་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྔམ་སྟོན་བྱས་ནས་ད་བར་ལོ་ངོ་༥༨འཁོར་ཡོད་པ་དང་། ཉེ་ལམ་བཀའ་ཤག་ནས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་རྒྱལ་སྤྱིའི་གནས་བབ་དང་དུས་ཀྱི་འགྱུར་འགྲོས་སོགས་ལ་བསྟུན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བེུད་ཀྱི་ནུས་པ་གོང་འཕེལ་གཏོང་ཆེད། ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༡ནས་༢༣བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་བེུད་ཀྱི་འཇོན་ཐང་ནུས་སྟོབས་གོང་འཕེལ་ལྷན་ཚོགས་ཐེངས་དང་པོ་གོ་སྒྲིག་གནང་བ་དང་བསྟུན་ནས། བེུད་ཀྱི་འཇོན་ཐང་ནུས་སྟོབས་གོང་འཕེལ་གྱི་སྲིད་བྱུས་དང་འབྲེལ་བའི་ལམ་སྟོན་ཡིག་ཆ་ཞིག་ལྷན་ཚོགས་ཐོག་གཏན་འབེབས་གནང་ཡོད་ཅིང་། དེའི་ནང་ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་དེ་བེུད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་གནང་ཡོད་པས། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་བེུད་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་བཀའ་ཤག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་ཡོད་པ་རེད། ཕྱི་ཟླ་གསུམ་པའི་ཚེས་༡༢་ཉིན་གྱི་བེུད་ཉིན་མོ་སྲུང་བརྩིའི་མཛད་སྒོ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་འཚོགས་རྒྱུ་ཡིན་པ་དང་། མཛད་སྒོའི་གནས་ཚུལ་ཡོངས་རྫོགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཐོག་ནས་ཐད་གཏོང་གནང་རྒྱུ་ཡིན་འདུག།
གསར་འགོད་པ་འཆི་མེད།