༸གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར།

༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་སར་ཆིབས་སྒྱུར་བསྐྱངས་སྟེ་དེར་མཛད་འཕྲིན་རྒྱ་ཆེ་སྐྱོང་གནང་མཛད་རྒྱུའི་མཛད་འཆར།

2011.03.31

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ ཆིབས་སྒྱུར་བསྐྱངས་སྟེ་དེར་མཛད་འཕྲིན་རྒྱ་ཆེ་སྐྱོང་གནང་མཛད་རྒྱུའི་མཛད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཕྱི་ཟླ་༣ཚེས་༣༠རེས་གཟའ་ལྷག་པའི་ཉིན་དགུང་ཆུ་ཚོད་ ༡༢ཙམ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ག་གལ་གནམ་ཐང་བརྒྱུད་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་ ཆིབས་སྒྱུར་སྐབས་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་མཆོག་གི་གཙོས་པའི་ དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་སྐྱེལ་ཞུས་ཡོད་པ་རེད་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་ཟླ་༤ཚེས་༢ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལྦེན་ཀ་ཏ་ར་མན་དམ་པ་འདི་ཉིད་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ལྷན་ཞུགས་མཛད་དེ་ རྒྱ་གར་གྱི་སྲོལ་རྒྱུན་གྱི་རིག་གཞུང་ འཚེ་བ་མེད་པ་དང་ཆོས་ལུགས་རིས་མེད་ཀྱི་ལེགས་བྱང་ཞེས་པའི་བརྗོད་གཞིའི་ཐོག་ (Non Violence and Spiritual Values in a Secular India) བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་མ་ཟད། བགྲོ་གླེང་ཚོགས་འདུར་ལྷན་ཞུགས་ཀྱང་མཛད་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎