༧གོང་ས་མཆོག་ལ་དྭགས་མི་དམངས་སློབ་གྲྭ་ལ་ཆིབས་བསྒྱུར་བསྐྱངས་བ།


2017.07.08
༧གོང་ས་མཆོག་ལ་དྭགས་མི་དམངས་སློབ་གྲྭ་ལ་ཆིབས་བསྒྱུར་བསྐྱངས་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་མི་དམངས་སློབ་གྲྭའི་སློབ་ཕྲུག་ཚོར་བཀའ་སློབ་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསོད་ནམས་སྟོབས་རྒྱལ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་ལ་དྭགས་རྒྱལ་ས་སླེ་ཡི་ནང་ཡོད་པའི་ Ladakh Public School འམ་ལ་དྭགས་མི་དམངས་སློབ་གྲྭ་བཙུག་སྟེ་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོར་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུ་དེ་ཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པ་བཀའ་གནང་འདུག
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱིར་ཤེས་ཡོན་ནི་སྤྱི་སྒེར་གཉིས་ཀའི་ཡར་རྒྱས་ཀྱི་དོན་དུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། ཤེས་ཡོན་དེ་ཡང་ཕྱི་དངོས་པོའི་འཛུགས་བསྐྲུན་དང་དཔལ་འབྱོར་ལོངས་སྤྱོད་ཡར་རྒྱས་གཏོང་རྒྱུ་ཁོ་ནའི་ཆེད་མིན་པར། ནང་སེམས་ཀྱི་ཞི་བདེ་འབྱུང་ཐབས་ཀྱི་ཤེས་ཡོན་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཞིག་ནི་མི་བཟོས་པ་ཤ་སྟག་ཡིན་པ་དང་། དེ་ཡང་གཙོ་བོ་གཞན་ཕན་དང་བརྩེ་སེམས་སོགས་ཀྱི་ཕོངས་ཏེ་དཀའ་རྙོག་དེ་དག་ཡོང་གི་ཡོད་སྟབས། རང་ཉིད་འཛམ་གླིང་འདིའི་སྟེང་གི་མི་ཐེར་འབུམ་དྲུག་གི་ཆ་ཤས་ཤིག་ཡིན་པ་དང་། རང་གི་བདེ་སྡུག་ནི་གཞན་དང་ཧ་ཅང་ལྟོས་འབྲེལ་ཆེན་པོ་ཡོད་པའི་དངོས་ཡོད་ཀྱི་གནས་ལུགས་ཤེས་པར་བྱེད་དེ། ངེས་པར་དུ་བྱམས་བརྩེ་ལྡན་པའི་གཞན་ཕན་གྱི་བསམ་བློ་གོང་མཐོར་གཏོང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ལ་དྭགས་མི་དམངས་སློབ་གྲྭ་འདི་ནི་སྒེར་གཉེར་སློབ་གྲྭ་ཞིག་ཡིན་འདུག་ཅིང་། དེའི་ནང་སློབ་ཕྲུག་གྲངས་ཆིག་སྟོང་ཙམ་ཡོད་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎