༸གོང་ས་མཆོག་གིས་ཨ་རིའི་ནང་གི་མཛད་འཆར་སྐོར།

༸གོང་ས་མཆོག་གིས་ཨ་རིའི་སེན་ཕེ་རན་སིསི་ཀོ་གྲོང་ཁྱེར་ནང་དབུལ་ཕོངས་མི་མང་གི་ངལ་སེལ་དང་འབྲེལ་བའི་མཛད་འཆར་ཁག་ཅིག་བསྐྱངས་བ།

2009.04.27

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སེན་ཕེ་རན་སིསི་ཀོ་གྲོང་ཁྱེར་ནང་དབུལ་ཕོངས་མི་མང་གི་ངལ་སེལ་དང་འབྲེལ་བའི་མཛད་འཆར་ཁག་ཅིག་བསྐྱངས་གནང་ཡོད་པ་རེད།

དང་ཐོག་དབུལ་ཕོངས་མི་མང་ལ་སྦྱིན་གཏོང་གནང་མཁན་གྱི་ཚོགས་པའི་འགོ་འཁྲིད་ཁག་ཅིག་དང་སྦྱིན་གཏོང་གི་དགའ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་གླེང་གནང་ཡོད་ཅིང་གླེང་མོལ་དེ་སྦྱིན་གཏོང་ཚོགས་པ་རྡ་ཕོར་གོ་ཀྲེན་ཨིན་ཊར་ནེ་ཤི་ནེལ་ཞེས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་ཚོགས་པ་དེ་དབུལ་ཕོངས་མིའི་ངལ་སེལ་དང་དེ་དང་འབྲེལ་བའི་དཀའ་སྡུག་སེལ་ཆེད་བཙུགས་གནང་བ་ཞིག་ཡིན་པ་རེད།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཟག་གང་ཞིག་གཞི་རྩའི་ཐོག་སྤྱི་ཚོགས་ལ་རྟེན་དགོས་པ་ཞིག་ཆགས་པར་བརྟེན་འགྲོ་བ་མིའི་སྤྱི་ཚོགས་འཚོ་གནས་དེ་གང་ཟག་མི་ངོ་རེར་རག་ལུས་ཀྱི་ཡོད་སྐོར་དང་མི་གཞན་ལ་བྱམས་སྐྱོངས་བྱེད་རྒྱུ་དེ་རང་ཉིད་སོ་སོར་བྱམས་སྐྱོངས་བྱེད་པ་དང་འདྲ་མཚུངས་ཆགས་ཀྱི་ཡོད་སྐོར་བཀའ་གནང་འདུག གོང་ཞུས་ཀྱི་མཛད་འཆར་དེ་རྗེས་༸གོང་ས་མཆོག་སེན་ཕེ་རན་སིསི་ཀོ་གྲོང་ཁྱེར་ནང་གི་རང་ཁྱིམ་མེད་པ་རྣམས་ལ་ཁ་ལག་སྤྲོད་ཡུལ་ཞིག་ལ་ཆེད་ཕེབས་ཀྱིས་དེར་འདུས་རང་ཁྱིམ་མེད་པ་རྣམས་དང་གསུང་གླེང་དང་འབྲེལ་༸གོང་ས་མཆོག་གང་ཉིད་ཡང་རང་ཁྱིམ་མེད་པ་ཞིག་ཡིན་སྐོར་བཀའ་གནང་འདུག དེ་རྗེས་༸གོང་ས་མཆོག་འཛམ་གླིང་གི་རྒྱལ་ཁབ་བཅུ་གསུམ་གྱི་མི་གྲངས་བཞི་ཅུ་ཞེ་དགུ་ཞིག་ལ་ཕྱི་ལོ་ཉིས་སྟོང་དགུ་ལོའི་བྱམས་སྙིང་རྗེའི་གཟེངས་རྟགས་ཀྱི་མཛད་སྒོ་ཞིག་ལ་ཆིབས་བསྒྱུར་གྱིས་གཟེངས་རྟགས་ཐོབ་མིའི་ཁུངས་ནིའུ་ཛི་ལེནདྲ་གྱི་བོད་རིགས་ཐུབ་བསྟན་སྐལ་བཟང་ལགས་དང་ཨོ་སོ་ཀྲོ་ལི་ཡའི་ཡུལ་ནས་རྡོ་རྗེ་འགྲམ་འདུལ་ལགས་དང་ཨ་མི་རི་ཀ་ནས་འཇིགས་མེད་སྟོབས་རྒྱལ་ལགས་ཡང་ཚུད་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎