༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར།

བོད་མིའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་གནང་མཛད་འདུག

2010.05.10

༄༅༎ཕྱི་ཟླ་ལྔ་པའི་ཚེས་༩ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཨ་རིར་ཆིབས་སྒྱུར་བཀྲིན་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ནས་ལག་ཏུ་སྤོས་སྣེ་དང་ མཇལ་དར་ཐོགས་ཏེ་ལམ་ཟུར་གཡས་གཡོན་ནས་ཕེབས་སྐྱེལ་ཞུས་ཡོད་པ་དང་  ཨ་རིའི་མངའ་སྡེ་ཨིན་གྲི་ཡ་ན་གྱི་གྲོང་ཁྱེར་སྦུ་ལུང་མིང་ཀྲོན་ནང་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནང་ཁང་སྐུ་འབུམ་བྱམས་བརྩེ་གླིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་འབྲེལ་སླད་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ བཀའ་བཞེས་བཟང་པོ་ཐོབ་ཏེ་ས་གནས་དེའི་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་དང་ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༢གཟའ་ལྷག་པ་དང་ཕྱི་ཚེས་༡༣གཟའ་ཕུར་བུ་བཅས་བཞུགས་བཞག་གཉིས་རིང་ཨིན་ཌི་ཡ་ན་པོ་ལི་སི་ཡིའི་ཁོན་སེ་ཁོ་ཕིལ་ཌི་ཞེས་པའི་ནང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཡོད་པ་དང་ མང་ཚོགས་ལ་བཀའ་སློབ་གནང་བའི་སྐབས་འཛམ་གླིང་ས་ཕྱོགས་གང་ས་ནས་མང་ཚོགས་བཀའ་སློབ་གསན་པར་ཕེབས་ཀྱི་ཡོད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེ་ཨ་རིའི་ཨིན་ཌི་ཡ་ནའི་མངའ་སྡེའི་སྦུ་ལུང་མིང་ཊོན་ནང་ཆིབས་སྒྱར་གནང་ཐེངས་དྲུག་པ་ཡིན་པ་དང་ སྐུ་ཉིད་ཟླ་བ་འདིའི་ཨ་རིའི་ནང་གི་ཆིབས་སྒྱུར་མཛད་འཆར་ཁག་ནང་ ་རིའི་ས་ཁུལ་མེ་ཌི་སེན་ལྦི་སི་ཀོན་སིན་ སི་ཌར་ཕོལ་སི་ ནིའུ་ཡོག་སོགས་ནང་ཆིབས་སྒྱུར་བསྐྱངས་ཏེ་ ས་གནས་དེ་ཚོའི་ནང་མང་ཚོགས་ལ་བཀའ་སློབ་དང་གསུང་ཆོས་དེ་བཞིན་སྲིད་དོན་དང་ཚན་རིགས་མཁས་པ་སོགས་མི་སྣ་འདྲ་མིན་དང་མཇལ་འཕྲད་དང་བཀའ་བསྡུར་གནང་རྒྱུའི་མཛད་འཆར་ཡོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎