ཨ་རིའི་ཧ་ལྦེ་མཚོ་གླིང་དུ་༧གོང་ས་མཆོག་གི་མཛད་འཆར་སྐོར་།

༧གོང་ས་མཆོག་གིས་ཨ་རིའི་ཧ་ལྦ་ཨི་མཚོ་གླིང་ཁུལ་གྱི་མཛད་འཆར་ཁག་ཅིག་དྲ་ལམ་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག

2012.04.12

༄༅༎༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཧ་ལྦ་ཨི་མཚོ་གླིང་ཁུལ་གྱི་མཛད་འཆར་ཁག་ཅིག་དྲ་ལམ་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག་༎
བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཕྱི་ཚེས་༡༤ནས་༡༦བར་ ཉིན་གྲངས་གསུམ་གྱི་རིང་ ཨ་རིའི་མཚོ་གླིང་མངའ་སྡེ་ཧ་ལྦ་ཨི་ཁུལ་གྱི་ཨོ་ཨ་ཧུ་ས་གནས་སུ་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད་ ཁུལ་དེར་༸གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་གཙོ་བོའི་གྲས་ཧ་ལྦ་ཨི་སྤྱི་ཚོགས་ཐེབས་རྩ་ཁང་གི་འགན་འཛིན་དང་ཚོགས་གཙོ་གཅིག་ལྕོག་སྐུ་ཞབས་ཀེལ་ལྦིན་ཀྲ་ཀེ་ཀྲ་ ཡིས་ཧ་ལྦ་ཨི་དང་ཧ་ལྦ་ཨི་མཚོ་གླིང་ཕྱི་ཕྱོགས་སུ་མང་ཚོགས་རྣམས་ནས་ ༸གོང་ས་མཆོག་གི་བཀའ་སློབ་གསུངས་བཤད་གསན་གཟིགས་ཐུབ་རྒྱུའི་ཆེད་ ད་རེས་༸གོང་ས་མཆོག་གིས་ཁུལ་དེའི་མཛད་འཆར་ཆེ་གྲས་རྣམས་དྲ་ལམ་བརྒྱུད་དུས་ཐོག་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་གནང་བཞག་ ༸གོང་ས་མཆོག་གིས་བཀའ་སློབ་གསུངས་བཤད་ཀྱི་མཛད་འཆར་ཁོངས་ནས་ དྲ་ལམ་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུའི་མཛད་རིམ་གཏན་འབེབས་བྱུང་བ་ཁག་ནི་ ཚེས་ ༡༤ སྔ་དྲོ་ཚོུད་༡༡དང་སྐར་མ་༤༥ཐོག་ཧ་ལྦ་ཨི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཆེན་མོའི་ནང་སློབ་ཕྲུག་༨༥༠༠བརྒལ་བར་ ནང་སེམས་ཀྱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ་དང་ ཕྱི་ཚེས་ ༡༥ ཉིན་ཚོགས་ཁང་དེ་གའི་ནང་ ས་གནས་ཡུལ་མིའི་འགོ་ཁྲིད་ཁག་ཅིག་དང་ལྷན་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་གོང་ས་མཆོག་དབུ་བཞུགས་མཛད་རྒྱུའི་མཛད་རིམ་དང་ དེ་བཞིན་ཡང་ཚེས་༡༥ཉིན་ཧ་ལྦ་ཨི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཨ་ལོ་ཧ་ཞེས་པའི་གོམ་སྲོལ་བརྒྱུད་ ཞི་བདེ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ མང་ཚོགས་ལ་བཀའ་སློབ་གསུངས་བཤད་ཀྱི་མཛད་རིམ་བཅས་ཡིན་པར་གསལ་བསྒྲགས་གནང་མཁོད་འདུག་་ ད་རེས་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ལྦ་ཨི་མཚོ་གླིང་དེའི་ནང་ཉིན་གྲངས་གསུམ་གྱི་རིང་ མང་ཚོགས་ལ་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་གསུངས་བཤད་གནང་རྒྱུའི་མཛད་རིམ་དང་འབྲེལ་ ཁུལ་དེའི་ནང་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ས་ཚིགས་ཁག་གཅིག་ཏུ་ཡང་འཚམས་གཟིགས་མཛད་རྒྱུ་ཡིན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎