༧གོང་ས་མཆོག་གི་ཐེ་ཝན་ཆིབས་བསྒྱུར་ལ་བཀག་འགོག

ཐེ་ཝན་སྲེིད་གཞུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་རྒྱུར་བཀག་འགོག་བྱས་པ་དེར་གདན་ཞུ་གནང་མཁན་ཚོས་བློ་འཚབ་ཆེན་པོ་བཏོན་བཞིན་པའི་གནས་ཚུལ་ཐོན་འདུག

2012.11.22

༄༅།    །ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།  ཐེ་ཝན་ནས་རྒྱ་ནག་གི་གནོན་ཤུགས་འོག་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་འགོག་རྐྱེན་སྤྲད་པར་ངོས་འཛིན་གྱིས་དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན་པས་མ་ཟད།    ཐའེ་ཝན་གྱིས་རྒྱ་ནག་གི་བཀའ་འཁྲོལ་ཞུ་དགོས་པ་དེ་ནི།    ཡ་མཚན་གྱི་གནས་ཚུལ་ཞིག་རེད་ཅེས་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལྕམ་ ཨེ་ཎེ་ཊེ་ ལུ་(Annette Lu) ཡིས་དབུ་ཁྲིད་པའི་ཐའེ་ཝན་གྱི་བེུད་ཚོང་དོན་ལྷན་ཚོགས་ཀྱིས་ སྐྱོན་བརྗོད་གནང་འདུག  ཐེ་ཝན་བེུད་ཚོང་དོན་ལྷན་ཚོགས་ཀྱིས་༧གོང་ས་མཆོག་ལ་ཐད་ཀར་འབྲེལ་བ་ཞུས་ནས་ཕྱི་ཟླ་བཅུ་གཉིས་པའི་ནང་ཐའེ་པི་ནང་འཚོགས་གཏན་འཁེལ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བེུད་ཚོང་དོན་ཚོགས་ཆེན་ཐོག་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་འདུག ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་མཆོག་ལ་མཐོང་མཆན་ཕུལ་མེད་པ་ངོས་ལེན་གནང་འདུག་ཀྱང་།    རྒྱ་ནག་གནོན་ཤུགས་འོག་ཐག་ཆོད་བྱས་པ་ཞིག་མིན་ལུགས་འགྲེལ་བརྗོད་བྱས་འདུག   གསར་འགོད་པས་བཀའ་འདྲི་ཞུ་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ སི་ཊིབ་ (Steve) ཡིས་དུས་ཚོད་རན་པོ་ཞིག་མ་རེད་ཅེས་གསུངས་པ་ཙམ་ལས་རྒྱས་བཤད་གནང་མི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎