ཨ་རིའི་དམངས་གཙོ་ཚོགས་པའི་འོས་མིར་སྲིད་འཛིན་འོས་ཐོབ་པ།

ཨ་མི་རི་ཀའི་རྒྱལ་རབས་ལོ་རྒྱུས་ནང་མི་རིགས་ནག་པོ་ཞིག་ལ་སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུ་ཆགས།

2008.11.05

༄༅༎འགྲན་རྩོད་ཤུགས་ཆེ་བྱུང་བའི་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུ་དེ་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྦ་རཀ་ཨོ་སྦ་མ་ལ་འོས་ཐོབ་བྱུང་སྟེ་ཨ་མི་རི་ཀའི་རྒྱལ་རབས་ལོ་རྒྱུས་ནང་མི་རིགས་ནག་པོ་ཞིག་ལ་སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུ་ཆགས་ཡོད་པ་རེད།

དགུང་གྲངས་བཞི་ཅུ་ཞེ་བདུན་ལ་ཕེབས་པའི་སྦ་རཀ་ཨོ་སྦ་མ་ཨ་མི་རི་ཀའི་སྲིད་འཛིན་བཞི་བཅུ་ཞེ་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་ཁོང་ནས་སྲིད་འཛིན་གསར་པའི་ལས་འཁུར་དངོས་གཞི་དེ་འཆར་ལ་ཉེ་བའི་ཕྱི་ལོ་༢༠༠༩ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་བཞེས་ཀྱི་ཡོད་པ་རེད།

སྲིད་འཛིན་འོས་ཐོབ་ཀྱི་གསལ་བསྒྲགས་གནང་བའི་རྗེས་སྦ་རཀ་ཨོ་སྦ་མས་སྐབས་དེར་དགའ་སྟོན་ཆེད་དུས་འཛོམས་ཡོད་པའི་ཁོང་གི་རྒྱབ་སྐྱོར་བ་མི་གྲངས་ཉིས་འབུམ་བཞི་ཁྲི་ཙམ་གསུང་བཤད་ཅིག་ནང་དེ་རིང་ཉིན་མོའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུའི་གྲུབ་འབྲས་དེ་བརྒྱུད་ང་ཚོས་ཨ་རིའི་ནང་ལེགས་བཅོས་ཀྱི་བཅོས་བསྒྱུར་ཆེན་པོ་ཞིག་གཏོང་རྒྱུའི་འགོ་བཙུགས་བྱས་ཡོད་ཅེས་དང་ང་ཚོའི་འོས་འགན་དེ་ཆེན་པོ་ཞིག་དང་དཀའ་ངལ་ཅན་ཞིག་ཡིན་ནའང་ངོས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་པའི་སེམས་ཤུགས་དེ་དེ་རིང་ལས་ཆེ་བ་ཞིག་ནམ་ཡང་བྱུང་མ་མྱོང་ལ་ང་ཚོས་ལས་འཁུར་ཆ་ཚང་གང་ལེགས་ངང་བསྒྲུབ་ཐུབ་པའི་གདེང་ཚོད་ཡོད་ཅེས་གསུངས་ཡོད་པ་རེད།

ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཇོན་མེ་ཀེན་གྱིས་ཀྱང་རང་གི་རྒྱབ་སྐྱོར་ཚོགས་མི་ཚོར་ཁོང་ལ་ད་རེས་སྲིད་འཛིན་གྱི་འོས་ཐོབ་མ་བྱུང་བ་དེ་རྒྱབ་སྐྱོར་ཚོགས་མི་ཚོས་དཀའ་ལས་མ་རྒྱབ་པའི་རྐྱེན་གྱི་མིན་པར་ཁོང་རང་ཉིད་ཀྱི་ལས་དོན་ལམ་ལྷོངས་མ་བྱུང་བ་ཞིག་ཡིན་པའི་ཐུགས་གསོ་དང་སྦྲགས་ཨ་རིའི་མི་མང་གིས་སྲིད་འཛིན་གྱི་འདེམས་ཁ་དེ་ཐག་ཆོད་པའི་ངང་གནང་ཡོད་ཅིང་ཁོང་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྦ་རཀ་ཨོ་སྦ་མ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་འཚམས་འདྲིའི་ཞལ་དཔར་ཞིག་ཀྱང་ཕུལ་ཡོད་པ་རེད། ཕྱོགས་མཚུངས་ཨ་རིའི་སྲིད་འཛིན་སྦུའུ་ཤེ་ཡིས་ཀྱང་སྦ་རཀ་ཨོ་སྦ་མར་སྲིད་འཛིན་འོས་ཐོབ་བྱུང་བའི་འཚམས་འདྲི་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎