༧གོང་ས་མཆོག་གིས་བཟོད་པའི་ཉམས་ལེན་བྱེད་ཕྱོཊ་ཐད་བཀའ་སློབ།


2015.06.09
༸གོང་ས་མཆོག་ནས་ཨོ་སུ་ཁྲི་ལེ་ཡའི་རི་སྔོན་པོར་ཉིན་གྲངས་དྲུག་གི་མཛད་འཕྲིན་བསྐྱངས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དོན་ལྡན་རྭ་ལོ།

༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་Blue Mountainsཁུལ་གྱི་ཉིན་དྲུག་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་པ།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨའོསི་ཊརེ་ལི་ཡའི་སིཌ་ནི་གྲོང་ཁྱེར་གྱི་ས་ཁུལ་Blue Mountainsཁུལ་གྱི་ཉིན་དྲུག་གི་མཛད་འཆར་ཁག་དེ་རིང་ཕྱི་ཚེས་༩ཉིན་ལེགས་གྲུབ་ཟིན་པ་དང་། ཁ་སང་ཕྱི་ཚེས་༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཟོད་པའི་ཉམས་ལེན་བྱེད་ཕྱོགས་ཐད་བཀའ་སློབ་གསུང་བཤད་སྩལ་སྐབས། འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བཟང་པོ་ཡིན་པ་དང་། འགྲོ་བ་མི་ཡོངས་ལ་བྱམས་པ་དང་སྙིང་རྗེའི་ས་བོན་དང་ལྡན་ཡོད་པ་བཀའ་གནང་ཡོད་པ་རེད། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མིའི་རང་བཞིན་གྱི་གཞི་རྩའི་ཡོན་ཏན་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དེ་དག་གོང་མཐོར་གཏོང་ཐུབ་པའི་ཆ་རྐྱེན་ཡོད་པ་དང་། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཞིག་ཀྱང་དེའི་ཐོག་ནས་ཡོང་དགོས་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ཙམ་གྱི་མིའི་སེམས་དང་ཞེད་སྣང་དང་དངངས་སྐྲག་ཆེ་བ་ཡོད་པ་དེ་ཚོད་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལ་ཡང་གནོད་པ་ཡོང་གི་ཡོད་པ་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ངེས་པ་བརྙེད་ཐུབ་ཡོད་ཅིང་། འཇིགས་སྣང་དང་ཁོང་ཁྲོ། ང་རྒྱལ་དང་ཆགས་སྡང་གི་བློ་དེ་དག་གིས་ལུས་པོིའི་ནང་ནད་སྔོན་འགོག་གི་ནུས་རྫས་ཉམས་རྒུད་གཏོང་བ་བྱེད་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་ཕྱི་དངོས་པོའི་ཡར་རྒྱས་དང་དེ་དག་ལ་བརྟེན་ནས་འབྱུང་བའི་ཕྱིའི་ཕུང་སྲོག་གི་བདེ་སྐྱིད་ཐད་འབད་བརྩོན་ཧ་ལས་པའི་ཆེན་པོ་བྱེད་པ་ལས། ནང་སེམས་ཀྱི་བདེ་སྐྱིད་དང་དེ་དག་གི་རིན་ཐང་ཐད་དེ་ཙམ་གྱི་དོ་སྣང་མི་བྱེད་པའི་གནས་སྟངས་ཤིག་ཡོད་སྟབས། དེ་དག་གི་ཐད་དོ་སྣང་མང་ཙམ་སྤྲོད་དགོས་པ་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
ཞིབ་ཕྲའི་གནས་ཚུལ་ང་ཚོའི་ཆེད་མངགས་གསར་འགོད་པ་དོན་ལྡན་རྭ་ལོ་ལགས་ཀྱིས་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎