བཙན་བྱོལ་བོད་གཞུང་ནས་བོད་མི་རྒན་འཁོག་ལ་གཟིགས་རྟོགས།
2008.09.10
༄༅༎བཙན་བྱོལ་བོད་གཞུང་ནང་སྲིད་ལྷན་ཁང་ནས་བཙན་བྱོལ་ནང་དུ་བོད་མི་ཉམ་ཐག་དང་བགྲེས་སོང་བ་ཚོར་གཟིགས་རྟོགས་ཡག་པོ་གནང་བཞིན་ཡོད་པ་རེད་
བཙན་བྱོལ་བོད་གཞུང་ནང་སྲིད་ལྷན་ཁང་གི་གཟིགས་རྟོགས་འོག་བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་བོད་མི་རྒན་གྲས་ལོ་ན་དྲུག་བཅུ་ཡན་ཉམ་ཐག་མི་གྲངས་༨༡༩ཙམ་ལ་དམིགས་བསལ་གྱི་རྒན་གསོ་ཁང་༡༤གསར་བསྐྲུན་ཐུགས་འཁུར་ཆེ་བཞེས་ཀྱིས་གཟིགས་རྟོགས་གནང་བཞིན་ཡོད་པ་རེད་ དེ་བཞིན་ཡང་གོང་ཞུས་ལྷན་ཁང་གི་བདེ་དོན་ཚན་པས་གསུངས་ན་བོད་མི་ལོ་ན་དྲུག་བཅ་བརྒལ་བའི་ཉམ་ཐག་མི་གྲངས་༢༩༠༥ཙམ་ལ་ཟླ་རེ་འཚོ་སྣོན་ཧིན་སྒོར་༥-༠༠ནས་༧༠༠བར་གནང་བཞིན་ཡོད་ལུགས་གསལ་སྟོན་གནང་བཞག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་མི་ཉམ་ཐག་ལོ་ན་༨༠དང་༡༠༠ཐམ་པ་སོན་པར་ཟླ་རེ་འཚོ་སྣོན་ཧིན་སྒོར་༡༥༠ནས་༥༠༠བར་གནང་གི་ཡོད་པ་རེད་ ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་མི་ལོ་ན་བརྒྱ་ལ་སོན་འི་མི་གྲངས་དྲུག་དང་བརྒྱད་བཅུ་ཐམ་པར་སོན་པ་མི་གྲངས་༦༣༦ཡོད་པ་རེད་ དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་ཀྱི་རོགས་རམ་ཚོགས་པ་ཞིག་གིས་གོང་ཞུས་ལྷན་ཁང་བརྒྱུད་ནས་ན་ནིང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཅོན་ཊ་ར་བོད་མིའི་གཞིས་ཆགས་སུ་རྒན་གསོ་ཁང་ཞིག་གསར་འཛུགས་གནང་སྟེ་ཕྱི་ཟླ་བཅུ་པ་ནས་བཟུང་ཀུ་ལུ་དང་མ་ན་ལི་ནས་ཡིན་པའི་བོད་མི་རྒན་ཁོག་༢༠ཙམ་ལ་གཟིགས་རྟོགས་གནང་བཞིན་ཡོད་པ་རེད་ ཡང་ཨོ་ཊ་ལྦ་བོད་མིའི་གྲོགས་པོ་ཚོགས་པའི་རོགས་རམ་འོག་རྒྱ་གར་ཤར་ཕྱོགས་ཀ་ལིམ་སྦུག་ནང་ཐོག་བརྩེགས་གསུམ་ཅན་གྱི་རྒན་གསོ་ཁང་ཞིག་གསར་རྒྱག་གནང་སྟེ་དེའི་ནང་ཉམ་ཐག་རྒན་ཁོག་ལོ་ན་༥༠ཡན་བཞག་གནང་སྟེ་ཁོང་ཚོར་གཟིགས་རྟོགས་གནང་བཞིན་ཡོད་པ་རེད།