དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༨འཁོར་བ།


2017.06.04
དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༨འཁོར་བ། ཧོང་ཀོང་ནང་ཡུལ་མི་སྟོང་ཕྲག་མང་པོས་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་གྱི་དུས་དྲན་ལ་སྲུང་བརྩི་ཞུ་རྒྱུ།
ཨེ་ཨེཕ་པི།

ཧོང་ཀོང་གི་ཡུལ་མི་སྟོང་ཕྲག་མང་པོས་མར་མེའི་ཁྲོམ་སྐོར་གྱི་ལམ་ནས་ རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༢༨ཧྲིལ་བུར་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་པའི་གནས་ཚུལ་འདུག  དེ་ཡང་རྒྱ་ནག་གཞུང་གི་དམག་མིས་ཞི་བའི་ངོ་རྒོལ་བྱེད་མཁན་སློབ་ཕྲུག་བརྒྱ་ཕྲག་མང་པོ་དམར་གསོད་བཏང་ནས་མི་ལོ་བཅུ་ཕྲག་གསུམ་མིན་ཙམ་འགྲོ་བའི་དུས་དྲན་ཉིན་དེ་རིང་རེས་གཟའ་ཉི་མའི་ཕྱི་དྲོ་ཧོང་ཀོང་གི་ཡུལ་མི་སྟོང་ཕྲག་མང་པོས་སྐབས་དེར་དམར་གསོད་བཏང་བའི་སློབ་ཕྲུག་ཚོར་རྗེས་དྲན་གུས་འདུད་ཞུ་ཆེད་ Victoria Park ཞེས་པའི་སྤྱི་གླིང་ཆེན་མོའི་ནང་འདུ་འཛོམས་བྱས་ནས་ལོ་འཁོར་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎