ཧོང་ཀོང་ནང་དམངས་གཙོ་ལས་འགུལ་བའི་ངོ་རྒོལ་ལས་འགུལ་སླར་ཡང་སྤེལ་བཞིན་འདུག


2020.05.01
ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༢༠༢༠།༥།༡ ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༢༠༢༠།༥།༡
AFP

ཧོང་ཀོང་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཁྱབ་གདལ་ཉུང་དུ་འགྲོ་བཞིན་པ་དང་བསྟུན་དམངས་གཙོ་ལས་འགུལ་བའི་ངོ་རྒོལ་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་འདུག
དེང་སྐབས་ཧོང་ཀོང་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཁྱབ་གདལ་ཤུགས་ཆུང་དུ་འགྲོ་བཞིན་པ་དང་འབྲེལ་མང་གཙོ་དོན་གཉེར་བའི་ངོ་རྒོལ་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་ཧོང་ཀོང་ནས་གནས་ཚུལ་སྤེལ་འདུག
ཕྱི་ཟླ་བཞི་པའི་ཚེས་༢༩་གཟའ་ལྷག་པའི་ཉིན་ཧོང་ཀོང་ནང་གྲགས་ཆེ་གྲས་ཀྱི་ཐོག་བརྩེགས་ཅན་གྱི་ཚོང་ཁང་ཆེན་པོ་ཞིག་གི་ནང་། ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྐད་གསང་མཐོན་པོའི་ངང་དམངས་གཙོའི་འབོད་ཚིག་སྒྲོག་པ་སོགས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དེ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བའི་རྗེས་ཀྱི་ལས་འགུལ་ཐོག་མ་དེ་ཡིན་འདུག
སྤྱིར་ཧོང་ཀོང་ནང་ནད་ཡམས་ཁྱབ་གདལ་འགོག་ཐབས་ཆེད་མུ་མཐུད་ནས་མི་བཞི་ཡན་འདུ་འཛོམས་བྱ་མི་ཆོག་པའི་བཀའ་བཏང་མུས་ཡིན་ན་ཡང་། ད་རེས་ངོ་རྒོལ་རྔམ་སྟོན་བྱེད་མཁན་མི་གྲངས་བརྒྱ་ལྷག་འཛོམས་ཡོད་པ་དང་། ངོ་རྒོལ་རྔམ་སྟོན་པ་ཚོས་སྐད་འབོད་བྱེད་ཞོར་ཧོང་ཀོང་རང་དབང་དང་། ཧོང་ཀོང་ནང་གསར་བརྗེ་བྱེད་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་ཡིག་སྦྱང་འཁྱེར་བའི་ཁར། ཧོང་ཀོང་གི་དམངས་གཙོའི་གླུ་གཞས་ཧོང་ཀོང་གི་གཟི་བརྗིད་ཟེར་བ་དེ་ཡང་མཉམ་དུ་བཏང་ཡོད་འདུག
ངོ་རྒོལ་ནང་ཞུགས་མཁན་ཚོས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཁྱབ་གདལ་གྱི་རྐྱེན་རེ་ཞིག་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱ་དགོས་བྱུང་ཡོད་ན་ཡང་། ང་ཚོས་འཛམ་གླིང་ནང་ཧོང་ཀོང་གི་དམངས་གཙོའི་ཆེད་འཐབ་རྩོད་ཀྱི་སྙིང་སྟོབས་དང་འདུན་པ་དེ་མཚམས་འཇོག་མི་སྲིད་པ་དང་། མུ་མཐུད་དུ་ངོ་རྒོལ་ལས་འགུལ་རིགས་སྤེལ་རྒྱུ་ཡིན་པ་བརྗོད་འདུག
ད་རེས་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་ནས་ཚོུད་ཕྱེད་ཀ་ཙམ་གྱི་རྗེས། དེར་ཡོད་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བ་རྣམས་ཚོང་ཁང་ནས་ཕྱིར་ལོག་བཏང་བ་དང་འབྲེལ། ནད་ཡམས་སྐབས་སྤྱི་ཚོགས་ནང་མི་འདུ་འཛོམས་མི་ཆོག་པའི་སྒྲིག་གཞི་དང་འགལ་ཡོད་ཚུལ་བཤད་ནས་ངོ་རྒོལ་བ་ཁ་ཤས་འཇུ་བཟུང་བྱས་ཡོད་ཀྱང་། རྗེས་སུ་དེ་དག་གློད་བཀྲོལ་བཏང་ཡོད་འདུག
ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ཕྱི་ཟླ་ལྔ་པ་ནས་མུ་མཐུད་དུ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། ཕྱི་ཟླ་བདུན་པའི་ཚེས་༡་ཉིན་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་ལས་འགུལ་སྤེལ་རྒྱུ་ཡིན་པ་བརྗོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎