ངོ་རྒོལ་སྣེ་ཁྲིད་མཁན་ཁག་གཅིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ།


2015.11.24
ཧོང་ཀོང་ནང་ས་གནས་འཐུས་མིའི་འོས་བསྡུའི་སྐབས། ༢༠༡༥།༡༡།༢༢ ཧོང་ཀོང་ནང་ས་གནས་འཐུས་མིའི་འོས་བསྡུའི་སྐབས། ༢༠༡༥།༡༡།༢༢
Photo: RFA

ཧོང་ཀོང་ནང་ས་གནས་འཐུས་མིའི་འོས་བསྡུ་ཁྲོད་ལོ་སྔོན་མར་སློབ་ཕྲུག་གི་ངོ་རྒོལ་སྣེ་ཁྲིད་བྱེད་མཁན་ཁག་གཅིག་ལ་རྒྱལ་ཁ་ཐོབ་འདུག
དེ་ཡང་ལོ་སྔོན་མའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་དེ་རྒྱ་ནག་གཞུང་གིས་མིང་འདོན་བྱས་པའི་འོས་མིའི་ཁོངས་ནས་འདེམས་སྒྲུག་བྱེད་དགོས་པའི་གསལ་བསྒྲགས་ཤིག་སྤེལ་བའི་རྗེས། ཧོང་ཀོང་ནང་སློབ་ཕྲུག་གིས་སྣེ་ཁྲིད་བྱས་པའི་མི་མང་སྟོང་ཕྲག་མང་པོས་ཁྲོམ་གཞུང་དུ་ཐོན་ཏེ་ས་གནས་མང་ཚོགས་ལ་ཧོང་ཀོང་གི་འགོ་ཁྲིད་འདེམས་རྒྱུའི་ཐོབ་ཐང་ཆ་ཚང་དགོས་པའི་དགོས་འདུན་སྟོན་ཏེ་ངོ་རྒོལ་བྱས་ཡོད་པ་ལྟར། སྐབས་དེའི་ངོ་རྒོལ་ངོ་རྒོལ་ལས་འགུལ་སྣེ་ཁྲིད་བྱེད་མཁན་གྱི་ན་གཞོན་ཁག་གིས་འདི་ཚེས་ ༢༢ཉིན་ཧོང་ཀོང་གི་རྫོང་རིམ་པའི་འོས་བསྡུའི་འགྲན་རྩོད་ནང་མཉམ་ཞུགས་བྱས་ཡོད་པའི་ཁོངས་ནས་ད་བར་གཞོན་སྐྱེས་བཞི་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་ཡིས་སློབ་ཕྲུག་གི་སྣེ་འཁྲིད་བྱས་པའི་དམངས་གཙོའི་ཐོབ་ཐང་རྩོད་གླེང་གི་ལས་འགུལ་ལ་སེམས་ཤུགས་འཕར་མ་ཞིག་བྱུང་བ་ལྟབུ་ཆགས་ཡོད་འདུག
གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། འདི་ཚེས་༢༢ཀྱི་འོས་བསྡུའི་སྐབས་ཧོང་ཀོང་དེ་བཞིན་རྫོང་ཁག་བཅོ་བརྒྱད་ལ་ཆ་བགོས་བྱས་ཡོད་པ་རྣམས་ལ་ཁྱོན་སྡོམ་འཐུས་མི་ ༤༣༡འོས་འདེམས་བྱེད་དགོས་ཀྱི་ཡོད་ཅིང༌། སྤྱིར་བཏང་རྫོང་རིམ་པའི་འོས་བསྡུའི་སྐབས། འོས་ཤོག་འཕེན་མཁན་དེ་ཙམ་ཡོང་གི་མེད་ཀྱང༌། ཐེངས་འདིའི་འོས་བསྡུའི་ནང་གཞོན་སྐྱེས་ཧ་ཅང་མང་པོས་འོས་ཤོག་འཕང་ཏེ་འོས་ཤོག་འཕང་མཁན་གྱི་གྲངས་ཚད་བརྒྱ་ཆ་༤༩ཙམ་ལོངས་ཐུབ་པ་བྱུང་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎