རྒྱ་ནག་བརྙན་འཕྲིན་ཐོག་ལོ་གསར་སྲུང་བརྩི་བྱེད་པའི་གནས་ཚུལ།

ལོ་གསར་ཚེས་གསུམ་ཉིན་རྟ་རྒྱུགས་ཆེན་མོའི་དུས་ཆེན་ལ་ལྟ་མོ་ལྟ་མཁན་བོད་མི་ས་ཡ་བཅུ་ཙམ་ཡོད་པའི་གནས་ཚུལ་བཏོན་འདུག

2012.02.24

༄༅༎རྒྱ་ནག་གཞུང་གིས་ལྷ་སའི་གྲོང་མི་ཚོར་བོད་ཀྱི་ལོ་གསར་ལ་དགའ་སྟོན་ཆེད་ཞབས་གཞས་སྦྱང་སྟེ་འཁྲབ་སྟོན་བྱ་དགོས་པའི་བཙན་བཀའ་བཏང་བ་སོགས་བོད་མི་རྣམས་དྲག་གནོན་འོག་གནས་བཞིན་ཡོད་ནའང་ད་དུང་དེ་རིང་རེས་གཟའ་པ་སངས་ལོ་གསར་ཚེས་གསུམ་ཉིན་རྟ་རྒྱུགས་ཆེན་མོའི་དུས་ཆེན་ལ་ལྟ་མོ་ལྟ་མཁན་བོད་མི་ས་ཡ་བཅུ་ཙམ་བྱུང་ཡོད་ལུགས་རྒྱ་ནག་གི་གསར་ཤོག་ཐོག་བཀོད་ཡོད་པ་རེད།
དེ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་ལྷ་སར་གྲོང་ཁྱེར་ཁྱབ་ཁོངས་ལས་ཁུངས་ཁག་གཙོ་བོར་གྱུར་བའི་ལས་ཁུངས་ཁག་གི་ལས་བྱེད་དང་།  མང་ཚོགས་རྣམས་ལ་བོད་ཀྱི་ལོ་གསར་དགའ་སྟོན་ཆེད་ངེས་པར་ཞབས་གཞས་སྦྱང་སྟེ་འཁྲབ་སྟོན་བྱེད་དགོས་པའི་བཙན་བཀའ་བཏང་བ་མ་ཟད། ལྷག་པར་དུ་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ་ནས་ཐེམ་དུད་བརྒྱ་རེ་འདེམས་སྒྲུག་གིས་ཞབས་གཞས་འཁྲབ་རྒྱུར་སྐུལ་སློང་བྱེད་དགོས་པ་དང། གལ་ཏེ་འདེམས་སྒྲུག་ཟིན་པའི་ཁྱིམ་ཚང་སུ་ཞིག་ནས་འཁྲབ་སྟོན་ནང་མཉམ་ཞུགས་བྱེད་འདོད་མེད་པའམ་གཞོགས་འདེགས་བྱེད་འདོད་མེད་པའི་རྣམ་འགྱུར་སྟོན་ཚེ་དེ་དག་ལ་བརྟེན་པའི་བྱ་ཐབས་ལག་བསྟར་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད་ཅིང༌། ད་དུང་གྲོང་མི་ཚོའི་ཁང་པའི་ཡང་སྟེང་དུ་རྒྱ་ནག་རྒྱལ་དར་དང་ཁྱིམ་ཚང་གི་ནང་དུ་རྒྱ་ནག་གི་མི་རབས་བཞི་ཡི་འོག་ཁྲིད་མའོ་རྩེ་ཏུང་དང་ཏང་ཤའུ་ཕིང༌། ཅང་ཛ་མིན། ཧུའུ་ཅིང་ཐའུ་ཡི་འདྲ་པར་བསྐྱལ་དགོས་པའི་བཙན་བཀའ་བཏང་བའི་ཁར། ཁྱིམ་ཚང་ཁག་ཅིག་ལ་རྒྱ་མིའི་སྒོར་མོ་༧༠༠ དང་༨༠༠ ཙམ་སྤྲོད་དེ་དེ་དག་གིས་ལོ་གསར་གྱི་ཉོ་ཆ་རྒྱབ་སྟེ་ལོ་གསར་སྤྲོ་སྣང་གི་ཁེངས་པའི་རྣམ་འགྱུར་བཏོན་ཐབས་བྱ་དགོས་པའི་བཙན་བཀའ་བཏང་བ། རྒྱ་གར་དུ་གནས་མཇལ་དུ་བསྐྱོད་དེ་ཕྱིན་ལོག་བྱས་པའི་ལྷ་སའི་གྲོང་མི་རྣམས་མུ་མཐུད་དོ་དམ་བཀག་ཉར་བྱེད་བཞིན་པ་སོགས་བོད་མིའི་ཐོག་དམ་དྲག་གི་བྱ་སྤྱོད་དེ་ལྟ་བུ་ལག་བསྟར་བྱེད་བཞིན་ཡོད་ནའང་རྒྱ་ནག་གཞུང་གིས་ཕྱི་ཚུལ་དུ་བོད་མི་རྣམས་ལོ་གསར་ལ་སྤྲོ་སྣང་དང་དགའ་སྤྲོའི་རྣམ་པ་ཡོད་ཚུལ་བཏོན་ཐབས་བྱས་ཏེ། རེས་གཟའ་པ་སངས་ཉིན་རྒྱ་ནག་གི་བརྙན་འཕྲིན་CCTV ཐོག་ལོ་གསར་ཚེས་གསུམ་གྱི་རྟ་རྒྱུགས་དུས་ཆེན་བལྟ་མཁན་བོད་མི་སྟོང་ཕྲག་བཅུ་ཙམ་བྱུང་ཡོད་ཚུལ་དང༌། ཚེས་གསུམ་གྱི་རྟ་རྒྱུགས་དུས་ཆེན་ནི་བོད་མི་ཚོར་ན་ཧ་ཅང་གི་གལ་ཆེན་པོ་དང༌། རྟ་རྒྱུགས་དུས་ཆེན་མ་མཐོང་བ་ཡིན་ན་ལོ་གསར་གྱི་དུས་ཆེན་ཆ་ཚང་མ་འཛོམས་པར་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་སོགས་སྟོན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎