ཐེ་དབན་ནང་བོད་དོན་རྒྱབ་སྐྱོར་ཆེད་རྔམ་སྟོན་ཁྲོམ་སྐོར་གནང་བ།

ཐེ་དབན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་གྲངས་ཁ་ཤས་འདུ་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་འདུག

2009.03.14

༄༅༎ཐེ་དབན་ནང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་གྲངས་ཁ་ཤས་འདུ་འཛོམས་ཀྱིས་བོད་མདོ་དབུས་ཁམས་གསུམ་དུ་ན་ནིང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ནས་ལོ་ངོ་གཅིག་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་རྒྱུའི་ཆེད་ཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་ཡོད་པ་རེད།

རྔམ་སྟོན་ཁྲོམ་སྐོར་དེའི་ནང་བཞུགས་མཁན་ཐེ་དབན་གྱི་རྒྱ་མི་རིགས་གཞོན་སྐྱེས་མང་པོ་ཞིག་ཡོད་པ་དང་ཁོང་ཚོ་མང་ཆེ་བས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་ཐེ་དབན་དེ་བཞིན་རྒྱ་ནག་གི་མངའ་ཁུལ་ཞིག་ཡིན་ལུགས་བརྗོད་མུས་ཀྱིས་ཐེ་དབན་ཕྱོགས་སུ་མེ་ཤུགས་ཕུར་མདེལ་བརྒྱ་གྲངས་ཁ་གཏད་ནས་འཇོག་མུས་ཡིན་པའི་གནས་སྟངས་ཀྱི་ཐོག་ནས་ཐེ་དབན་དེ་བཞིན་བོད་ཀྱི་གནས་བབ་ལྟ་བུར་མི་འགྱུར་བའི་ཆེད་རྒྱ་ནག་དང་ཐེ་དབན་ཁག་ཁག་ཡིན་པ་དེ་གསལ་སྟོན་ཡོང་རྒྱུར་དམིགས་ནས་རྔམ་སྟོན་ཁྲོམ་སྐོར་ནང་བཞུགས་པའི་སྐོར་འགྲེལ་བརྗོད་བྱས་ཡོད་ཅིང་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་ནང་བཞུགས་མཁན་ཚོས་ལག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་༸གོང་ས་མཆོག་གི་སྐུ་དཔར་མཐོང་འཕྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་མི་བོད་ནས་ཕྱིར་བསྐྱོད་དགོས།བོད་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་གནང་ནས་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎