ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གནང་ནས་ཉིན་དྲུག་ཕྱིན་ཡོད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་མི་ཚོས་ཟས་བཅད་ངོ་རྒོལ་གནང་ནས་དེ་རིང་ཉིན་མ་དྲུག་པ་དེ་ཡིན་པ་རེད།

2008.08.02

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་མི་ཚོས་ཟས་བཅད་ངོ་རྒོལ་གནང་ནས་དེ་རིང་ཉིན་མ་དྲུག་པ་དེ་ཡིན་པ་དང་། ཟས་བཅད་ངོ་རྒོལ་གནང་མཁན་གྱི་བོད་མི་དྲུག་པོ་དེ་དག་གི་གཟུགས་པོའི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཆགས་ཡོད་པ་དང་། ད་རེས་ཟས་བཅད་ངོ་རྒོལ་གནང་མཁན་ཚོས་ཐ་ན་ཆུ་ཡང་མཆོད་ཀྱི་མེད་པར་བརྟེན་ནས་ ཁོང་ཚོའི་གཟུགས་གཞིའི་གནས་སྟངས་དེ་བས་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་རེད་

ཁ་ས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་ཁྲིད་ སྦ་ཤིསིཏ་ན་ར་ཨིན་སིང་ གིས་བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་ཚོར་གཟིགས་པར་ཕེབས་ཡོད་པ་དང༌། ཁོང་གིས་ མི་གཅིག་གཉིས་ཀྱི་ཚེ་སྲོག་བཏང་ནས་གནད་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུ་དེ་ནི་ཐབས་ལམ་བཟང་པོ་ཞིག་མིན་པ་དང༌། དེ་མིན་གྱི་ཐབས་ལམ་གཞན་གྱི་ཐོག་ནས་གནད་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུའི་སྐུལ་མ་གནང་ཡོད་པ་རེད་ དེ་བཞིན་འཇར་མ་ནིའི་གཞས་ཚིག་རྩོམ་མཁན་དང་གླུ་གཞས་མཁས་པ་ ཇོ་ཧེ་མིལ་ཊོན་ གྱིས་ཕ་ཡུལ་དྲ་རྒྱའི་གསར་འགོད་པར་འགྲེལ་བརྗོད་གནང་བར། བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་དེ་དག་མཐོང་དུས་ངའི་སེམས་པ་ཧ་ཅང་གི་སྐྱོ་ནས་ཁོང་ཚོའི་གདོང་ལ་ལྟ་ཐུབ་ཀྱི་མིན་འདུག་ཅེས་གསུངས་བཞག དེ་དང་ཕྱོགས་མཚུངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོའི་དུས་ཚོད་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་ཡང་སྤེལ་འཆར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎