རྒྱ་ནག་གིས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཐོག་དམ་བསྒྲཊ།


2015.07.10
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་Matteo Mecacciལགས་ཨ་རིའི་གྲོས་ཚོགས་ཁང་ནང་། ༢༠༡༥།༧།༧ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་Matteo Mecacciལགས་ཨ་རིའི་གྲོས་ཚོགས་ཁང་ནང་། ༢༠༡༥།༧།༧
lhuboom/RFA

རྒྱ་ནག་གིས་ཕྱི་བསྐྱོད་ལག་འཁྱེར་གཅིག་ལ་ལམ་ལུཊ་གཉིས་འཛིན་པའི་དམ་བསྒྲགས་སྲིད་བྱུས་ལ་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་གནང་།
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོའི་མི་ཚེའི་འཚོ་བའི་ནང་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་དང་། དཔེར་ན། དེ་ནི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་དབར་གྱི་འབྲེལ་བར་དོ་ཕོག་གཏོང་གཞིའི་སྲིད་བྱུས་ཤིག་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་མཁན་ཚོར་དམིགས་བསལ་གྱི་དམ་བསྒྲགས་ཤུགས་ཆེ་འཛིན་ཀྱི་ཡོད་པ་རེད།
དེ་བཞིན་བོད་ནང་ས་ཁུལ་མང་པོར་དམ་བསྒྲགས་སྲིད་བྱུས་འདྲ་མིན་གྱི་འོག་རང་སྐྱོང་ས་ཁུལ་གྱི་བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་བསྒྲགས་ཡོད་པ་དང་། གལ་ཏེ་སྤྲད་པའི་དབང་དུ་བཏང་ཡང་དུས་ཡུན་ལོ་ཚད་ཐུང་ཐུང་བཟོ་བ་དང་། ས་གནས་གཞན་དང་མི་འདྲ་བ་ལྷག་དོན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་དང་སྐུ་ལུས་མེར་བསྲེགས་བཏང་སའི་མངའ་ཁུལ་གྱི་ནང་དེ་བས་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་ལག་འཁྱེར་མི་སྤྲོད་པ་སོགས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་པའི་སྐོར་དང་། གཞན་ཡང་དཔེར་ན། སྤྱི་ལོ་༢༠༡༤་ལོར་༧གོང་ས་མཆོག་གིས་ལ་དྭགས་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་སྩལ་སྐབས་དང་། དེ་བཞིན་གནས་མཆོག་རྡོ་རྗེ་གདན་སོགས་སུ་༧གོང་ས་མཆོག་གིས་གསུང་ཆོས་སྩལ་སྐབས་ཆོས་ཞུ་བྱེད་མཁན་བོད་མི་རྒྱ་རིགས་ཀྱང་ཁྱོན་ཆེ་སླེབས་ཡོད་པ་རེད། དེའི་སྐབས་བོད་ནས་༧གོང་ས་མཆོག་གི་གསུང་ཆོས་ཞུ་མཁན་ཚོར་ཉེས་ཆད་བཏང་བ་དང་། ཕྱིར་བསྐྱོད་ལག་འཁྱེར་འཕྲོག་ལེན་ཕྱིར་བསྡུ་བྱས་ཏེ་བོད་མིའི་འགྲོ་འོང་ལ་དམ་བསྒྲགས་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་Matteo Mecacciགིས་གསུང་པར་། དེ་བཞིན་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ལུགས་བརྗོད་ཀྱང་དོན་དམ་རྒྱ་རིགས་དང་མི་འདྲ་བའི་བོད་རིགས་ཚོར་འཛིན་པའི་དམ་བསྒྲགས་སྲིད་བྱུས་ལོགས་སུ་ཡོད་པ་དེ་ནི་ཕྱི་བསྐྱོད་ལག་འཁྱེར་གཅིག་ལ་ལམ་ལུགས་གཉིས་འཛིན་པའི་དམ་བསྒྲགས་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་གནང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎