དགུ་འགྲུབ་ཀྱི་སྤུན་མཆེད་གཙོས་བོད་མི་སུམ་ཅུ་ལྷག་བཟུང་འདུག
2012.10.10
དེ་ཡང་རྒྱ་གར་ནས་སྐལ་བཟང་རྒྱ་མཚོས་འདི་གར་གནས་ཚུལ་བཏང་དོན། ཚེས་༤དང་༥སོགས་སུ་དགུ་འགྲུབ་ཀྱིས་རང་ལུས་མེར་བསྲེག་པའི་རྗེས་སུ་སྨན་ཁང་ལ་བསྐྱེལ་མཁན་དང་། ཁོང་ཐུཌ་འཕྲད་དུ་འགྲོ་མཁན་སྔ་ཕྱིར་བོད་མི་༣༠་ལྷག་ཙམ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་ཁྲོད་དུ་ཀླུ་འབུམ་དང་། ཚེ་དབང་འགྱུར་མེད་སོགས་དགུ་འགྲུབ་ཀྱི་སྤུན་མཆེད་གསུམ་ཡོད་པ་ད་ཆ་ཁོང་ཚོའི་གནས་སྟངས་ཤེས་རྟོགས་མེད་པར་ལུས་ཡོད།
དེ་བཞིན་རྒྱ་ནག་གཞུང་གིས་ད་ཆ་བོད་ནག་ཆུ་ཁ་འབྲི་རུ་རྫོང་ཁུལ་དུ་ཁ་པར་དང་། གནས་འཕྲིན་དྲ་རྒྱ་སོཌ་ཡོངས་རྫོཌ་བཀག་འགོག་བྱས་སྟེ་འབྲེལ་མཐུད་བྱེད་ས་མེད་པ་བཟོས་པ་མ་ཟད་། བོད་མི་ཕར་འགྲོ་ཚུར་འོང་མི་ཆོག་པའི་བཙན་དཀའ་བཏང་སྟེ་འགྲོ་ལམ་ཡོངས་རྫོཌ་བཀག་སྡོམ་བྱས་ཡོད་པ་རེད་འདུག
དགུ་འགྲུབ་ལཊ་ཀྱི་ཞལ་ཆེམས།
“ ཚེ་སྲོག་གི་རྡུང་བའི་རྒྱལ་རྔ” ཞེས་བཀོད་ཡོད་འདུག་ལ། དེའི་ནང་། སྐྱིད་སྡུག་དང་ལས་དབང་གཅིག་པའི་གངས་ཅན་པའི་དམིཊ་ཡུལ་ནི། རང་བཙན་གཙང་མའི་སྒོ་ནས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ནི་ང་ཚོའི་མངོན་འདོད་ཡིན། འོན་ཀྱང་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྟེ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལ་འབད་བརྩོན་གནང་བ་ལ། བོད་མི་ས་ཡ་དྲུག་གིས་ཁོང་གི་བཀའ་དགོངས་སྤྱི་བོར་བཀུར་ཏེ་ཡུན་རིང་རེ་སྒུག་བྱས་ཀྱང་། རྒྱ་གཞུང་གིས་དེའི་ཕྱོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཕུད། བོད་པའི་བདེ་སྡུག་གླེང་བ་ཙམ་གྱིས་འཛིན་བཟུང་དང་མནར་གཅོད་ཚད་ལས་རྒལ་བ་གཏོང་བས་མ་ཚད། ༸གོང་ས་མཆོག་ལ་མཚན་སྨད་དང་བོད་འདི་ཀྲུང་གོའི་ཆ་ཤས་ཡིན་པའི་དམ་བཅའ་བརྟན་པོ་མེད་ཚེ། ལྐོག་གསོད་བཏང་སྟེ་གར་སོང་ཆ་མེད་དུ་འགྲོ་བ་ལས། བོད་མིའི་བདེ་སྡུག་ལ་དོ་སྣང་དང་དྲིལ་བསྒྲཊ་ཅི་ཡང་མེད་སྟབས། ང་ཚོས་ཞི་བའི་འཐབ་རྩོད་འདི་རྣོ་ངར་ཆེ་རུ་བཏང་སྟེ། བོད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་དྲིལ་བསྒྲཊ་དང་བདེན་དཔང་གི་ཆེད་དུ་། རང་ལུས་མེ་རུ་མཆོད་དེ་བོད་རང་བཙན་གྱི་འབོད་སྒྲ་སྒྲོག་དོན། ཀྱེ་ནམ་མཁའི་ལྷ་ཆེན་པོ་ཁྱེད་ཀྱིས་སྤྱན་ཟུང་བོད་ལ་གཟིཊ་དང་། མ་ཡུམ་གྱི་ས་ཆེན་པོ་ཁྱེད་ཀྱི་བྱམས་བརྩེ་བོད་ལ་དགོངས་དང་། བར་གནས་ཀྱི་འཛམ་གླིང་ཡོངས་ཀྱིས་དྲང་བདེན་ལ་མཐོང་ཆེན་གནང་རོགས། དྭངས་གཙང་ཁ་བའི་ལྗོངས་འདིར་དམར་པོ་ཁྲག་ལ་བསྒྱུར་བས་མ་ཚད། དྲག་པོ་དམག་གིས་ས་གཞི་བཀང་སྟེ་བར་མི་ཆད་པའི་དྲག་གནོན་རྒོད་ཀྱང་། དཔའ་ངར་ཞུམ་པ་མེད་པའི་གངས་ཕྲུག་རྣམས་ཀྱིས་བློ་གྲོས་ཀྱི་གཞུ་མོ་བཀུག ཚེ་སྲོག་གི་མདའ་མོ་འཕེན་ཏེ། དྲང་བདེན་ཀྱི་གཡུལ་ངོ་ཟློག་རྒྱུ་ཡིན། མཇུག་ཏུ་ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོས། འདྲ་མཉམ་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཕྱིར་། གངས་ཅན་པའི་སྤྱི་དོན་ལ་གཙོ་བོ་དང་། སྒེར་དོན་ལ་ཕལ་པ་བྱེད་དེ། རྡོག་རྩ་ཆིག་སྒྲིལ་གྱི་མདུན་དུ་སྐྱོད་རྒྱུ་ནི་ངའི་རེ་བ་ཡིན། འབྲི་རུ་བ་དགུ་འགྲུབ་ནས། ༢༠༡༢ ཟླ་ ༣ ཚེས་ ༡༤ ” ཞེས་དང་།
ཡང “སྤུན་ཟླའི་བརྩེ་སེམས ” ཞེས་བཀོད་ཡོད་པའི་ནང་།
ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོ་ང་ཚོས་འདས་སོང་ལ་ཕྱིར་མིག་ཅིག་བལྟས་ཚེ། ཕངས་སེམས་དང་ཁོང་ཁྲོ། སྐྱོ་གདུང་དང་མིག་ཆུ་ཞིག་ལས་དགའ་སྤྲོའི་རྣམ་པ་མ་མཐོང་ཡང་། མདུན་ནས་བསུ་བའི་ཆུ་འབྲུག་གནམ་ལོ་གསར་ཚེས་འདིའི་ནང་ནས་ཁྱེད་རྣམས་སྐུ་ཁམས་བདེ་ཐང་དང། བྱ་བ་ལམ་འགྲོ རེ་སྒུག་མངོན་འགྱུར་ཡོང་པའི་སྨོན་འདུན་ཡང་ཡང་ཞུ་བ་དང་ཆབས་ཅིག་ཁྱེད་རྣམས་ ཀྱིས་རང་རིགས་ཀྱི་སྤོབས་པ་གཟེངས་སུ་བསྟོད་དེ། རང་ཕྱོགས་སུ་ཕམ་ཁ་དང་གྱོང་གུད་ཅི་ཙམ་བྱུང་ཡང་བློ་སྟོབས་མ་ཉམས་པའི་སྒོ་ནས་ ཆིག་སྒྲིལ་ལ་འབད་འབུངས་དམ་ཟབ་ཡོང་བའི་རེ་བ་ཤིན་ཏུ་ཆེ། འབྲི་རུ་བ་དགུ་འགྲུབ་ནས། ” ཞེས་འཁོད་འདུག
དགུ་འགྲུབ་ལགས་ནི། སྔོན་མ་རྒྱ་གར་དུ་ཡོང་སྟེ་གསོག་སྒར་སློབ་གྲྭར་བསྡད་མྱོང་མཁན་ཞིག་ཡིན་འདུག་ལ། ༢༠༠༥ ལོར་ཕྱིར་ལོག་རྗེས་གངས་ཁྲོད་ཀྱི་ན་གཞོན་ཞེས་པའི་རྗེས་སྨྱུག་མིང་འོག་རྩོམ་ཡིག་གང་མང་ཞིག་སྤེལ་མྱོང་ཡོད་འདུག