ཐའེ་ལྦན་གྱི་སྲིད་བློན་ལིའུ་ཀྲའོ་ཤོན་ནས་དགོངས་ཞུ་གནང་རྒྱུ།

ཐའེ་ལྦན་གྱི་སྲིད་བློན་ལིའུ་ཀྲའོ་ཤོན་དངོས་སུ་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་རྒྱུ་ཕྱིར་བསྒྲགས་གནང་ཡོད་པའི་གནས་ཚུལ།

2009.09.07

༄༅༎ཐའེ་ལྦན་ནང་ད་རེས་དྲག་ཆར་རླུང་འཚུབ་ཀྱི་རང་འབྱུང་གནོད་འཚེ་ཚབས་ཆེ་ཕོག་པའི་སྐབས་ཐའེ་ལྦན་གཞུང་གི་ལས་དོན་སྤེལ་ཕྱོགས་ལ་མང་ཚོགས་ཀྱི་བསམ་འཆར་ཤུགས་ཆེ་བཏོན་པའི་འོག་ཐའེ་ལྦན་གྱི་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་དགོས་བྱུང་བ་བཞིན་ད་རེས་ཕྱི་ཟླ་དགུ་པའི་ཚེས་བདུན་ཉིན་ཐའེ་ལྦན་གྱི་སྲིད་བློན་ལིའུ་ཀྲའོ་ཤོན་དངོས་སུ་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་རྒྱུ་གསར་འགོད་ལྷན་ཚོགས་ཚུགས་ནས་ཕྱིར་བསྒྲགས་གནང་ཡོད་པ་དང་ཐའེ་ལྦན་གྱི་སྲིད་འཛིན་ནས་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་རྒྱུར་ཡང་མོས་མཐུན་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཐའེ་ལྦན་གྱི་སྲིད་འཛིན་ཕོ་བྲང་ནས་ཀྱང་གསར་འགོད་ལྷན་ཚོགས་སྤེལ་ནས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་གོ་མིན་ཏང་ཚོགས་པའི་དུང་ཡིག་ཆེན་མོ་ལྦུའུ་ཏུན་དབྱིད་ཐའེ་ལྦན་གྱི་སྲིད་བློན་དང་ཐའོ་ཡོན་རྫོང་གི་རྫོང་དཔོན་ཀྲུའི་གླིས་ལུན་སྲིད་བློན་གཞོན་པར་གསར་དུ་བསྐོ་བཞག་གནང་བ་ཕྱིར་བསྒྲགས་གནང་ཡོད་པ་རེད། ཐའེ་ལྦན་གྱི་དགོངས་ཞུ་གནང་བའི་སྲིད་བློན་ལིའུ་ཀྲའོ་ཤོན་གྱིས་གསར་འགོད་ལྷན་ཚོགས་ཐོག་ད་རེས་ཐའེ་ལྦན་ནང་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་སྐབས་གཞུང་གིས་ལས་དོན་སྤེལ་ཕྱོགས་ལྷོད་གཡེང་ཤོར་བའི་ནོར་འཁྲུལ་ཡོངས་རྫོགས་ཁོང་གིས་དབུ་ཁྲིད་པའི་སྲིད་བློན་ལས་ཁང་གིས་འཁྱེར་རྒྱུ་ཡིན་པ་དང་ཕྱི་ཟླ་དགུ་པའི་ཚེས་བཅུ་ཉིན་ཐའེ་ལྦན་གྱི་སྲིད་བློན་ལས་ཁང་གི་དཔོན་རིགས་ཡོངས་རྫོགས་དུས་གཅིག་ཏུ་དགོངས་ཞུ་གནང་རྒྱུ་ཡིན་པ་གསུངས་བཞག ད་རེས་ཐའེ་ལྦན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ནང་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཚབས་ཆེ་ཕོག་ནས་ཀའོ་ཞུང་རྫོང་ཁོངས་ཀྱི་ས་ཁུལ་ཁག་ཅིག་ནང་གྲོང་ཚོ་ཚང་མ་རི་ཉིལ་བའི་འོག་བརྡིབ་ནས་མི་གྲངས་དྲུག་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་ཐའེ་ལྦན་གཞུང་གིས་ཐོག་མར་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་སྐབས་ཕྲལ་དུ་སྲུང་སྐྱོབ་ལས་དོན་སྤེལ་རྒྱུར་ལྷོད་གཡེང་ཤོར་ནས་ས་གནས་དེ་ཚོའི་ནང་གི་ཡུལ་མི་ཚོ་ལམ་སེང་ཕྱིར་གནས་སྤོས་བྱེད་མི་ཐུབ་པའི་རྐྱེན་གྱིས་མི་མང་པོ་རྐྱེན་འདས་སུ་ཕྱིན་པའི་ཡིད་སྐྱོའི་གནོད་ཚབས་བྱུང་བར་ཐའེ་ལྦན་སྤྱི་ཚོགས་ཁྲོད་གཞུང་གི་ལས་དོན་སྤེལ་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ནས་སྲིད་འཛིན་མའ་དབྱིང་ཇའུ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མིའི་གྲངས་འབོར་ཡང་སྲིད་འཛིན་འོས་འདེམས་བྱེད་པའི་སྐབས་ས་བརྒྱ་ཆ་ཉི་ཤུ་ལྷག་ཉུང་དུ་ཕྱིན་པ་སོགས་ཐའེ་ལྦན་གཞུང་ལ་དཀའ་ངལ་ཆེན་པོ་ཞིག་ཕྱད་པའི་འོག་དེའི་འགན་ལེན་དུ་སྲིད་བློན་ལིའུ་ཀྲའོ་ཤོན་གྱིས་དབུ་ཁྲིད་པའི་སྲིད་གཞུང་གི་དཔོན་རིགས་ཚོ་ལས་གནས་ནས་དགོངས་ཞུ་གནང་དགོས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎