བལ་ཡུལ་རྩ་ཁྲིམས་ཟིན་བྲིས་དུས་ཐོག་གྲ་སྒྲིག་མི་ཐུབ་པའི་བློ་འཚབ།
2011.04.24
༄༅༎བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གི་དབུ་འཁྲིད་ཚོས་ ཕྱི་ཟླ་༥པའི་ཚེས་༢༨གོང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་ཆ་ཚང་བ་ཞིག་གྲ་སྒྲིག་ཐུབ་མིན་སྐོར་བློ་འཚབ་གནང་བཞིན་འདུག།
མའོ་ཚོགས་པའི་ཚོགས་གཙོ་པུཤི་པ་ཀ་མལ་རྡ་ཧལ་ཡིས་ བལ་ཡུལ་གྱི་རྩ་ཁྲིམས་གསར་པའི་ཟིན་བྲིས་ཕྱི་ཟླ་ལྔ་པའི་ཟླ་མཇུག་ལ་འདོན་ཐུབ་རྒྱུའི་རེ་བ་བཟང་པོ་ཡོད་སྐོར་འགྲེལ་བརྗོད་གནང་བའི་ཉིན་གཅིག་རྗེས། དེ་རིང་བལ་ཡུལ་གྱི་སྲིད་བློན་ཇལ་ནཐ་ཀ་ནལ་མཆོག་གིས་ རྩ་ཁྲིམས་གསར་པའི་ཟིན་བྲིས་ཞིག་ཕྱི་ཟླ་༥པའི་ཚེས་༢༨གོང་གཏན་འབེབ་གནང་ཐུབ་རྒྱུ་ཡིན་ནའང༌། ཟིན་བྲིས་དེའི་ནང་གཞུང་སྲིད་འཛིན་སྐྱོང་སྒྲིག་འཛུགས་མ་ལག་དང་བཅས་པ་འཛུགས་ཕྱོགས་སྐོར་སྒྲིག་གཞི་ཆ་ཚང་བ་ཞིག་བཀོད་ཐུབ་རྒྱུ་མིན་སྐོར་འགྲེལ་བརྗོད་གནང་བཞག།