རྒྱ་གར་དང་པ་ཀི་སི་ཐན་གྱི་བཟང་ཕྱོགས་འབྲེལ་ལམ།

རྒྱ་གར་དང་པ་ཀི་སི་ཐན་ཕན་ཚུན་དབར་ཀི་རི་ཀེཏ་ཐེ་བའི་རྩེད་རིགས་ཀྱི་འགྲན་བསྡུར་དང་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་མོས་མཐུན་བྱུང་བཞག

2011.04.14

༄༅༎དེ་སྔ་༢༠༠༨ལོར་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་གར་དང་པ་ཀི་སི་ཐན་དབར་ཆབ་སྲིད་ཀྱི་གཙོས་པའི་གཞན་རྒྱུན་ལྡན་གྱི་འབྲེལ་ལམ་མང་དག་ཅིག་བར་མཚམས་ཆད་པའི་རྗེས་ཉེ་དུས་ཕྱོགས་གཉིས་ཀྱི་འབྲེལ་བ་བསྐྱར་གསོ་བྱེད་པའི་ནང་ཕན་ཚུན་དབར་ཀི་རི་ཀེཏ་ཐེ་བའི་རྩེད་རིགས་ཀྱི་འགྲན་བསྡུར་དང་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་མོས་མཐུན་བྱུང་བཞག་༎

རྒྱ་གར་དང་པ་ཀི་སི་ཐན་དབར་ཀི་རི་ཀེཏ་ཞེས་པའི་དབྱུགས་རྒྱུགས་ཀྱི་འགྲན་རྩེད་མཐའ་མ་དེ་༢༠༠༧ལོར་བྱུང་ཡོད་པ་དང་དེ་ནས་༢༠༠༨ལོར་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ནང་དྲག་སྤྱོད་པས་གཏོར་རྒོལ་གྱི་དོན་རྐྱེན་བྱུང་པ་ནས་བཟུང་ཡུལ་གྲུ་གཉིས་དབར་རྩེད་རིགས་ཀྱི་འགྲན་རྩེད་བར་མཚམས་ཆད་ཡོད་པ་རེད་ ད་རེས་ཀི་རི་ཀེཏ་ཐེ་བའི་རྩ་རིགས་གཞན་གྱི་འབྲེལ་ལམ་སྐྱར་གསོ་བྱ་རྒྱུའི་ཐག་གཅོད་དེ་བདུན་ཕྲག་གཉིས་གོང་རྒྱ་གར་ནང་རྒྱལ་སྤྱིའི་ཀི་རི་ཀེཏ་འགྲན་རྩོད་སྐབས་རྒྱལ་ཁབ་ཀྱི་སྲིད་བློན་མཇལ་འཕྲད་གནང་པའི་གནས་ཚུལ་ལས་འཕྲོས་ཡོད་པ་རེད་ རྒྱ་གར་གྱི་གསར་ཤོག་མང་པོའི་ནང་ཡུལ་གྲུ་གཉིས་དབར་ཀི་རི་ཀེཏ་འགྲན་རྩེད་གོ་སྒྲིག་བྱ་ཡུལ་དང་དུས་ཚེས་གཏན་འབེབས་བྱ་ཕྱོགས་སོགས་ཡུལ་གྲུ་གཉིས་ཀྱི་ཀི་རི་ཀེཏ་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་ རྒྱ་གར་གྱི་ཀི་རི་ཀེཏ་འགན་འཛིན་ལྷན་ཚོགས་ནས་རྒྱལ་ཁབ་གཉིས་དབར་རྩེད་འགྲན་སྐྱར་གསོ་གནང་རྒྱུའི་ཐག་གཅོད་སྐོར་ད་ལྟ་གཞུང་འབྲེལ་གྱི་གསལ་བརྡ་གང་ཡང་འབྱོར་མེད་ལུགས་གསལ་འདོན་གནང་བཞག ཡང་རྡ་མིནཏ་ཞེས་པའི་གསར་ཤོག་གིས་ཡུལ་གྲུ་གཉིས་དབར་རྩེད་འགྲན་སླར་གསོའི་འཆར་འགོད་ནང་༢༠༡༢ལོར་རྒྱ་གར་གྱི་ཀི་རི་ཀེཏ་རུ་ཁག་ནས་པ་ཀི་སི་ཐན་ནང་འགྲན་རྩོད་ཀྱི་སྐོར་བསྐྱོད་བྱུ་རྒྱུ་དང་༢༠༡༣ལོར་པ་ཀི་སི་ཐན་གྱི་རུ་ཁག་རྒྱ་གར་ནང་འགྲན་བསྡུར་གྱི་སྐོར་སྐྱོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ལ་རྒྱལ་སྤྱིའི་ཀི་རི་ཀེཏ་སྒྲིག་འཛུགས་ཐོག་ནས་རྒྱ་གར་དང་པ་ཀི་སི་ཐན་དབར་རྩེད་འགྲན་གྱི་འབྲེལ་ལམ་སྐྱོར་གསོ་བྱ་རྒྱུའི་ཐག་གཅོད་ལ་དགའ་བསུ་དང་བསྔགས་བརྗོད་ཞུས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎