རྒྱ་གར་དང་པ་ཀི་སི་ཐན་གྱི་འགོ་ཁྲིད་མཇལ་འཕྲད།

རྒྱ་གར་དང་པ་ཀི་སི་ཏན་གཉིས་ཀྱི་དབུ་འཁྲིད་རྣམ་གཉིས་དབར་མཇལ་འཕྲད་གནང་ཡོད་འདུག

2010.04.29

༄༅༎འབྲུག་ཡུལ་ནང་ཚོགས་བཞིན་པའི་ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཚོགས་འདུའི་སྐབས་འབྲེལ་ཡོད་རྒྱལ་ཁབ་ཚོའི་དབུ་འཁྲིད་རྣམས་ཕེབས་ཡོད་པ་དང་། དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་དང་པ་ཀི་སི་ཏན་གཉིས་ཀྱི་སྲིད་བློན་རྣམ་གཉིས་ཟུར་མཇལ་གནང་ཡོད་འདུག འོན་ཀྱང་དབུ་འཁྲིད་རྣམ་གཉིས་དབར་དམིགས་བསལ་གྲོས་གཞི་གཏན་འབེབས་མེད་པའི་ཐོག་ནས་ནང་མོལ་ལྟབུའི་མཇལ་འཕྲད་གནང་བ་ཞིག་ཡིན་འདུག

ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་ད་རེས་མཇལ་འཕྲད་གནང་བ་དེ་བརྒྱུད་དམིགས་བསལ་གནད་དོན་ཐོག་གྲོས་མོལ་གནང་མེད་ཀྱང་མཇལ་འཕྲད་གནང་བ་ཙམ་གྱིས་ཕྱོགས་གཉིས་ཀའི་ངོས་ནས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་པ་ཡིན་ལུགས་སྲིད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱས་འདུག

ཡང་ཚོགས་འདུའི་ཐོག་ཕེབས་པའི་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་ཁ་ས་གསར་འགོད་པས་བཅར་འདྲི་དང་ལེན་སྐབས། རྒྱ་གར་གྱི་ཕྱོགས་ནས་དོན་དང་ལྡན་པའི་གྲོས་མོལ་ཡོང་རྒྱུར་ནར་འགྱངས་བཏང་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་འདུག

ཡིན་ནའང་ཁོང་གིས། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་ སིང་མཆོག་སྐུ་སྒེར་གྱི་ངོས་ནས་ཕུགས་འགྱངས་རིང་པོའི་དགོངས་པ་བཞེས་ཐུབ་མཁན་གྱི་མི་སྣ་ཞིག་ཡིན་ནའང་ཁོང་གི་ངོས་ནས་ང་ཚོའི་མཉམ་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་གནང་གི་ཡོད་ཀྱང་དེར་རྒྱ་གར་གྱི་ནང་ཁུལ་ཆབ་སྲིད་ཚོགས་པ་དང་ལྷག་པར་དུ་ཁོང་རང་ཉིད་ཀྱི་ཀོང་རེ་སེ་ཚོགས་པའི་ཐོག་ནས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་མེད་ལུགས་ཀྱང་འགྲེལ་བརྗོད་བྱས་ཡོད་པ་རེད། གང་ལྟར་ད་རེས་ལྷོ་ཨེ་ཤ་ཡའི་ཚོགས་འདུའི་ཟུར་དུ་རྒྱ་གར་དང་པ་ཀི་སི་ཏན་གྱི་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་བ་ཙམ་མ་ཡིན་པར་ནང་མོལ་གནང་བ་དེ་ཡང་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎