འཛམ་གླིང་ནང་ཁྱི་སྨྱོའི་འགོས་ནད་འགོག་སྲུང་གི་ཉིན་མོ།

བཞུགས་སྒར་རྡ་རམ་ས་ལར་ཁྱི་ཁག་ལ་ཁྱི་སྨྱོའི་འགོས་ནད་དེ་འགོག་ཆེད་ཁབ་རྒྱབ་རྒྱུའི་ལས་གཞི་བརྩམས་ཡོད་པ་རེད་

2011.12.05

༄༅༎ཁ་སྔོན་ཕྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་འཛམ་གླིང་ནང་ཁྱི་སྨྱོའི་འགོས་ནད་འགོག་སྲུང་གི་ཉིན་དེ་བཞུགས་སྒར་རྡ་རམ་ས་ལར་སྲུང་བརྩི་ཞུ་བའི་ཉིན་བཞུགས་སྒར་དུ་ཡོད་པའི་ཁྱི་ཁག་ལ་ཁྱི་སྨྱོའི་འགོས་ནད་དེ་འགོག་ཆེད་ཁབ་རྒྱབ་རྒྱུའི་ལས་གཞི་བརྩམས་ཡོད་པ་རེད་          བཞུགས་སྒར་རྡ་རམ་ས་ལར་ཁྱིའི་སྨྱོའི་དཀའ་ངལ་དེ་གདོང་ལེན་གནང་མཁན་དེ་ཕྱི་ལོ་ ༢༠༠༥ ལོར་གསར་འཛུགས་གནང་བའི་  Tibet Charityཞེས་པའི་སེམས་ཅན་བལྟ་སྐྱོངས་ཚོགས་པ་དེས་གནང་གི་ཡོད་ཅིང་ ཚོགས་པ་དེས་ཁྱིའི་སྐྱེ་སྒོ་འགོག་རྒྱུ་དང་ཁྱི་སྨྱོའི་ནད་འགོག་རྒྱུ་ སེམས་ཅན་གྱི་སྨན་ཁང་དང་མང་ཚོགས་ཐོག་ཁྱི་སྨྱོའི་ནད་འགོག་རྒྱུའི་སློབ་གསོའི་ལས་འགུལ་སོགས་སྤེལ་གྱི་ཡོད་པ་རེད་         བཞུགས་སྒར་གྱི་སེམས་ཅན་གྱི་སྨན་ཁང་དེར་དང་བླང་ཕྱི་རྒྱལ་བའི་སེམས་ཅན་གྱི་སྨན་པ་ཨེལ་ལྦིན་ལྦེཤ་མེན་ཡིས་ཁོང་ལྷོ་ཨ་མི་རི་ཀའི་གླིང་ཆེན་ནང་དང་བླང་གི་ལས་ཀ་བྱེད་མྱོང་ཡོད་པ་དང་བཞུགས་སྒར་གྱི་སེམས་ཅན་གྱི་སྨན་ཁང་དེའི་ལས་ཀ་བྱེད་ཕྱོགས་ཐོག་བསྟོད་བསྔགས་བཏང་གནང་ཡོད་པ་རེད་
ཁོང་གིས་ཁོང་ཚོས་ལས་ཀ་འཐུས་ཚང་བྱེད་ཀྱི་ཡོད་པ་མ་ཟད་འགྲོ་གྲོན་གཏོང་དམིཌ་དངུལ་འདང་ངེས་མེད་ནའང་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་སྐོར་བསྟོད་བསྔགས་བཏང་གནང་འདུག བཞུགས་སྒར་གྱི་སེམས་ཅན་བལྟ་སྐྱོངས་བལྟི་གནས་ཀྱི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་བལྟི་གནས་ཁང་ལ་དངུལ་གྱི་དཀའ་ངལ་གྱིས་ཆེད་ལས་སྨན་པ་གླ་མ་ཐུབ་པ་མ་ཟད་སེམས་ཅན་སྨན་བཅོས་ཆེད་འཕྲུལ་འཁོར་ཁག་ཅིག་མཁོ་སྒྲུབ་ཆེད་དངུལ་དགོས་ངེས་ཆགས་སྐོར་གསུང་འདུག བཞུགས་སྒར་གྱི་སེམས་ཅན་བལྟ་སྐྱོངས་ཚོགས་པ་དེའི་འགྲོ་གྲོན་གཏོང་དམིགས་ཁག་ཕྱི་རྒྱལ་གྱི་སེམས་ཅན་བལྟ་སྐྱོངས་ཚོགས་པ་ཁག་ཅིག་གིས་གནང་གི་ཡོད་པ་རེད་ ཚོགས་པ་དེས་བཞུགས་སྒར་གྱི་སེམས་ཅན་ཁག་ལ་བལྟ་སྐྱོངས་གནང་བ་མ་ཟད་སློབ་གསོའི་ལྟེ་གནས་ཤིག་དང་མི་མང་ཆེད་སྨན་ཁང་ཞིག་ཀྱང་འཛིན་སྐྱོངས་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎