རྒྱ་གར་གྱི་རིག་རྩལ་པས་༧གོང་ས་མཆོག་ལ་མཇལ་ཁ་ཞུས།

རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་དང་སྙན་གྲགས་ཅན་གྱི་རྩེད་འགྲན་པ་ཁག་ཅིག་ནས་༧གོང་ས་མཆོག་མཇལ་འཕྲད་ཞུས་ཡོད་པའི་གནས་ཚུལ།

2011.12.01

༄༅༎རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་དང་། སྙན་གྲགས་ཅན་གྱི་རྩེད་འགྲན་པ་ཁག་ཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་པའི་གནས་ཚུལ་འདུག
Daily News & Analysis ཞེས་པའི་གསར་ཤོག་ནང་དེ་རིང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་ནང་། འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་ཚོགས་ཞུགས་ཀྱིས་གསུངས་བཤད་གནང་བ་དང་། དེ་བཞིན་ཁུལ་དེར་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་ཡོད་པའི་ཁོངས་སུ་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་དང་། རྩེད་འགྲན་པ་འགའ་ཤས་དང་ཡང་མཇལ་འཕྲད་གནང་ཡོད་འདུག དེ་ཡང་གནས་ཚུལ་ནང་བཀོད་པར་ལྟར་ན། Tennis ཞེས་པའི་རྩེད་མོ་དེ་རྩེད་མཁན་ལིཡེན་ཌར་པེ་ཡསི་ཞེས་པས། ཕྲན་རང་མི་ཚེ་ཧྲིལ་བུའི་ནང་། ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་དང་བསྔགས་བརྗོད་ཞུ་མཁན་ཞིག་ཡིན་ལ་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གི་རྩོམ་བྲིས་གནང་བའི་དེབ་མང་པོ་ཀློག་ཡོང་མྱོང་ཡོད། དེ་འདྲ་ཡིན་དུས་ད་རེས་ཁོང་དངོས་སུ་མཇལ་རྒྱུའི་གོ་སྐབས་འདི་ཐོབ་པར་བརྟེན་གོ་སྐབས་དེ་ཆུད་བཟོས་སུ་གཏོང་འདོད་མེད་པས་སྔོན་ཚུད་འཆར་གཞི་ཡོད་པའི་རྩེད་འགྲན་ཁང་ཞིག་སྒོ་ཕྱེ་བྱེད་རྒྱུའི་མཛད་རིམ་ཡང་ཕྱིར་བཤོལ་བྱས་ནས་ད་རེས་མཇལ་གི་ཡོད་པས་དགའ་ཚོར་ཆེན་པོ་འདུག་ཅེས་འགྲེལ་བརྗོད་བྱེད་འདུག དེ་དང་ཕྱོགས་མཚུངས་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་་མཁན་ཨའ་མིར་ཁའན་དང་ཧྲི་ཐིཀ་རོ་ཤན་དང་། ཧྲི་ཐིཀ་རོ་ཤན་གཉིས་ནས་ཀྱང་མཇལ་འཕྲད་ཞུས་ཡོད་པ་ནས་ཨ་མིར་ཁན་ནས། ༧གོང་ས་མཆོག་མཇལ་ཁ་ཞུས་པའི་ཐོག་བོད་ཀྱི་གནད་དོན་ཐོག་ལའང་སེམས་ཚོར་ཆེན་པོའི་ཐོག་ནས་ཤེས་འདོད་ཡོད་ལུགས་དང་། ཉེ་ཆར་ཁོང་རང་ཉིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་དང་། ཤེས་ཡོན་ཚོགས་ཆུང་གི་རྒྱ་གར་ནང་གི་སྐུ་ཚབ་ངོ་བོར་བསྐོ་བཞག་བྱུང་བར་བརྟེན་ལས་དོན་དེ་དག་ལམ་ལྷོང་ལྡན་པའི་ཐོག་ནས་གྲུབ་ཐབས་ཆེད་ཐུགས་སྨོན་གནང་རོགས་གནང་ཞེས་ཞུས་ཡོད་འདུག ཡང་ཧྲི་ཐིཀ་རོ་ཤན་ཡང་གློག་བརྙན་འཁྲབ་མཁན་གཞོན་སྐྱེས་ནང་ནས་སྐད་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་དང་། ཁོང་རང་ཉིད་ཀྱང་ཆུང་དུས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་དུས་དངོས་སུ་མཇལ་འཕྲད་ཞུ་རྒྱུའི་འདུན་པ་བཏོན་གནང་བ་ཞིག་ཡིན་ལུགས་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱེད་ཡོད་འདུག དེ་སྔ་ཡང་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་དང་། རྩོམ་བྲིས་མཁས་པ་སོགས་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དུས་ནས་དུས་སུ་མཇལ་ཁ་ཞུ་མྱོང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎