པ་ཀི་སི་ཐན་གྱིས་ཁ་ཆེའི་དགེ་རྩ་ཚོགས་པའི་འགོ་ཁྲིད་གློད་འགྲོལ།

པ་ཀི་སི་ཐན་ཁྲིམས་ཁང་ནས་ཁ་ཆེའི་དགེ་རྩ་ཚོགས་པའི་འགོ་ཁྲིད་གློད་འགྲོལ་གཏོང་རྒྱུའི་ཐག་གཅོད་བྱས་པ་དེར་རྒྱ་གར་གཞུང་གིས་འདོད་པ་མེད་པ།

2009.06.02

༄༅༎པ་ཀི་སི་ཐན་ཁྲིམས་ཁང་ནས་ཁ་ཆེའི་དགེ་རྩ་ཚོགས་པ་ཞེས་པའི་འགོ་ཁྲིད་གློད་འགྲོལ་གཏོང་རྒྱུའི་ཐག་གཅོད་བྱས་པ་དེ་རྒྱ་གར་གཞུང་ཕྱོགས་ནས་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཡིན་པ་ངོས་འཛིན་བྱེད་པ་མ་ཟད་པ་ཀི་སི་ཐན་གྱི་ཁྲིམས་ཁང་གི་ཐག་གཅོད་དེར་འདོད་པ་མེད་པའི་རྣམ་འགྱུར་བཏོན་ཡོད་པ་རེད།

དེ་ཡང་རྒྱ་གར་གཞུང་ཕྱོགས་ནས་ཁ་ཆེའི་དགེ་རྩ་ཚོགས་པ་ཟེར་བ་དེ་ནི་དེ་སྔོན་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་ཚབས་ཆེའི་གཏོར་རྒོལ་གཏོང་མཁན་གྱི་བྱེད་གཏེ་ཡིན་པར་ངོས་འཛིན་བྱེད་པ་དང་ཚོགས་པ་དེའི་འགོ་ཁྲིད་ད་རེས་པ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་གློད་འགྲོལ་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱས་པ་དེ་ནི་པ་ཀི་སི་ཐན་གཞུང་ཕྱོགས་ནས་རྒྱ་གར་ཐོག་ལ་དོ་འཁུར་དང་ཕྱ་གྲུ་མཉམ་འདེགས་ཀྱི་ལས་དོན་མ་བྱས་པར་ངོས་འཛིན་བྱས་པ་མ་ཟད་ཐག་གཅོད་དེར་རྒྱ་གར་ཕྱོགས་ནས་འདོད་པ་རྩ་བ་ནས་མེད་ཅེས་གསུངས་ཡོད་པ་རེད། དེ་རིང་པ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ཁ་ཆེའི་དགེ་རྩ་ཚོགས་པ་ཇཱ་མཏ་ཨུརྡ་རྡ་ལྦ་ཟེར་བའི་འགོ་ཁྲིད་ཧ་ཕིཛ་མོ་ཧ་མརྡ་དང་རོགས་པ་གསུམ་གློད་འགྲོལ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པར་བརྟེན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ནས་ཕེ་རན་སི་གསར་འགོད་པར་ཁྲིམས་ཁང་གི་ཐག་གཅོད་བྱས་པ་དེར་པ་ཀི་སི་ཐན་གཞུང་ཕྱོགས་ནས་ངོས་འཛིན་ཇི་ལྟར་གནང་གི་ཡོད་མེད་ལ་རྒྱ་གར་གཞུང་ཕྱོགས་ནས་ཞིབ་ནན་གྱི་སྒོ་ནས་རྟོགས་ཞིབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། རྒྱ་གར་གཞུང་ཕྱོགས་ནས་ད་ལྟ་པ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་གློད་འགྲོལ་གཏོང་གི་ཡིན་ཟེར་བའི་ཁ་ཆེའི་དགེ་རྩ་ཚོགས་པ་དེ་ནི་རྒྱ་གར་ཐོག་རྒོལ་རྡུང་གཏོང་མཁན་གྱི་ལཤི་ཀར་ཨེ་ཏོའེ་སྦ་ཟེར་བའི་ཁ་ཆེའི་དྲག་སྤྱོད་ཤོག་ཁག་གི་མདུན་བསྐྱོད་པ་ཞིག་ཡིན་པ་དང་ཕྱི་ལོ་ཉིས་སྟོང་གཅིག་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྲོས་ཚོགས་ཐོག་རྒོལ་རྡུང་གཏོང་མཁན་གྱི་དྲག་སྤྱོད་བྱེད་གཏེ་ཡིན་པ་དང་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་ཚབས་ཆེའི་རྒོལ་རྡུང་བཏང་སྟེ་མི་དམངས་༡༦༦རྐྱེན་ལམ་གཏོང་མཁན་གྱི་བྱེད་ཏེ་ཡིན་པའི་ངོས་འཛིན་བྱེད་པ་མ་ཟད་ན་ནིང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་ཚབས་ཆེའི་རྒོལ་རྡུང་བཏང་བའི་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་དགེ་རྩ་ཚོགས་པ་དེ་ནི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་རེད་ཅེས་གསུངས་པའི་རྗེས་པ་ཀི་སི་ཐན་གཞུང་གིས་དགེ་རྩ་ཚོགས་པ་ཟེར་བ་དེ་སྒོ་རྒྱབ་པ་དང་ཚོགས་པ་དེའི་འགོ་ཁྲིད་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎