རྒྱ་ནག་གི་སྐྱོན་བརྗོད་ལ་རྒྱ་གར་གྱིས་ཁས་ལེན་གནང་མེད་པ།

རྒྱ་ནག་གིས་ཏཱ་ལའི་བླ་མ་ཨ་རུ་ན་ཅཱལ་ཁུལ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དེས་རྒྱ་གར་དབར་འབྲེལ་བར་བརྡབ་སིག་ཐེབས་རྒྱུའི་སྐྱོན་བརྗོད།

2009.11.04

༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་པཱར་རྡེཤི་མངའ་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བར་འགོག་རྐྱེན་བཟོ་གིན་ཡོད་སྐོར་རྒྱ་ནག་གི་སྐྱོན་བརྗོད་ལ་རྒྱ་གར་གྱིས་ཁས་ལེན་གནང་མི་འདུག

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གསར་འགོད་པ་ཚོས་༸གོང་ས་༸ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅཱལ་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་ཐོབ་ཡོད་མེད་བཀའ་འདྲི་ཞུས་པར་རྒྱ་གར་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་ཡིས་ཕྱོགས་གཉིས་དབར་གྱི་འབྲེལ་བར་གནོད་སྐྱོན་གང་ཡང་བྱུང་མེད་སྐོར་གསུངས་པ་དང་༸གོང་ས་མཆོག་རྒྱ་གར་གྱི་ས་ཕྱོགས་ག་པར་ཕེབས་ནའང་རང་དབང་གི་སྒོ་ནས་ཕེབས་ཆོག་རྒྱུ་ཡིན་པའི་རྒྱ་གར་གཞུང་གི་ལངས་ཕྱོགས་གསལ་པོ་ཡིན་ཞེས་འགྲེལ་བརྗོད་གནང་འདུག རྒྱ་གར་བདེ་སྲུང་ཞིབ་འཇུག་སློབ་གཉེར་ཁང་གིས་ལྷོ་ཨེ་ཤེ་ཡའི་ཐོག་གི་ཞུགས་མོལ་ལྷན་ཚོགས་སར་ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ་ཡིས་གསུངས་བཤད་གནང་སྐབས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བ་དེ་རྙོག་འཛིང་ཅན་ཞིག་ཡིན་པ་དང་ཕྱོགས་གཉིས་དབར་གྱི་ས་མཚམས་ཀྱི་རྩོད་གཞི་དེ་མེད་པ་ཆགས་རྒྱུར་དུས་ཚོད་གང་འཚམས་འགོར་རྒྱུ་ཡིན་སྐོར་གསུངས་བཞག

ཁ་ས་རྒྱ་ནག་གིས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅཱལ་ཁུལ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བར་བརྡབ་སིག་ཐེབས་རྒྱུ་ཡིན་པའི་སྐྱོན་བརྗོད་ཞུས་ཡོད་ནའང་རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་ཁུལ་དེའི་ནང་ཕེབས་ཆོག་པའི་ཆོག་མཆན་ཕུལ་བ་དེར་ཐད་ཀར་སྐྱོན་བརྗོད་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎