བོད་ཀྱི་ས་མཚམས་ཉེ་བརྒྱུད་ཁག་ཏུ་དཔུང་དམག་འཕར་མ་འགྲེམས་འཇོག
2018.04.01

༄༅༎བར་ལམ་རྒྱ་གར་དང་རྒྱ་ནག་གི་དབར་འབྲོག་ལམ་ཀྱི་དཀའ་རྙོག་དེ་སེལ་བའི་རྗེས་དམག་མི་ཕྱིར་འཐེན་བྱས་ཏེ་ཉིན་གྲངས་༧༣་ཙམ་ཕྱིན་པའི་རྗེས་ད་ཆ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཁུལ་གྱི་Dibang དང་Dau Delai ས་གནས་དང་དེ་ནས་Lihit མངའ་ཁུལ་གྱི་རི་བརྒྱུད་ས་གནས་ཁུལ་དུ་རྒྱ་གར་གྱིས་ས་མཚམས་སྐོར་སྲུང་དམག་མི་འཕར་མ་འགྲེམས་འཇོག་བྱས་ཡོད་པ་རེད།
རྒྱ་གར་གྱི་དྲག་པོའི་དཔོན་རིགས་ཤིག་གིས་ལུངས་འདྲེན་གནང་བར་གཞིགས་ན་ད་རེས་རྒྱ་གར་གྱི་ཕྱོགས་ནས་བོད་དང་ཉེ་བའི་གལ་གནད་ཆེ་སའི་མངའ་ཁུལ་དེ་ཚོའི་ནང་རྒྱ་གར་གྱི་དཔུང་དམག་འཕར་མ་ཆེད་འཛུགས་བྱས་ཡོད་པ་དང་མ་ཟད་རྒྱ་གར་གྱི་ཕྱོགས་ནས་ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་གང་ཅིའི་གདོང་ལེན་གང་འདྲ་ཞིག་བྱེད་དགོས་ཀྱང་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་པའི་སྐོར་གསུངས་ཡོད་པ་རེད།།གསར་འགོད་པ་ཚེ་དབང་དངོས་གྲུབ།