མོན་རྟ་དབང་དུ་ཕྱི་རྒྱལ་གསར་འགོད་པར་དམ་བསྒྲགས།

རྒྱ་གར་གཞུང་གིས་༸གོང་ས་མཆོག་གི་མོན་རྟ་དབང་ཁུལ་གྱི་གཟིགས་བསྐོར་དེར་ཕྱི་རྒྱལ་གྱི་གསར་འགྱུར་བཀོད་མཁན་ཐོག་དམ་བསྒྲགས།

2009.11.09

༄༅༎རྒྱ་གར་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་ཐེངས་ཀྱི་མོན་རྟ་དབང་ཁུལ་གྱི་གཟིགས་བསྐོར་དེར་ཕྱི་རྒྱལ་གྱི་གསར་འགྱུར་བཀོད་མཁན་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག

རྒྱ་གར་གཞུང་གིས་༸གོང་ས་མཆོག་གི་ད་ཐེངས་ཀྱི་གཟིགས་བསྐོར་དེར་ཕྱི་རྒྱལ་གྱི་གསར་འགོད་པར་གསར་འགོད་ཀྱི་ཆོག་མཆན་གནང་མེད་ཅིང་རེས་གཟའ་ཉི་མ་ཉིན་རྒྱ་གར་གྱི་གསར་འགོད་པ་རྣམས་ཀྱང་༸གོང་ས་མཆོག་ཆིབས་བསྒྱུར་གནང་ཡུལ་ཁག་གི་ཉེ་འགྲམ་དུ་བསྐྱོད་རྒྱུར་དམ་བསྒྲགས་བྱས་ཡོད་པ་རེད།

རེས་གཟའ་ཟླ་བ་ཉིན་༸གོང་ས་མཆོག་གིས་རྟ་དབང་དུ་སྨན་ཁང་ཞིག་དབུ་བྱེད་གནང་སྐབས་མངའ་སྡེ་གཞུང་གི་གསར་འགྱུར་ལས་ཁང་གི་ལས་བྱེད་ལེགས་སྐྱིད་ཕུན་ཚོགས་ལགས་ཀྱིས་གསར་འགོད་པ་རྣམས་པར་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་མ་དགོས་པ་གཙོ་དོན་གནང་དགོས་པའི་རེ་བསྐུལ་གནང་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་མོན་རྟ་དབང་ཁུལ་ཆིབས་བསྒྱུར་བསྐྱངས་ཡུལ་ས་གནས་ཚང་མར་སྲུང་སྐྱོབས་མི་སྣས་༸གོང་ས་མཆོག་མཐའ་བསྐོར་གནང་ནས་གསར་འགོད་པར་འདྲི་བ་ཕུལ་རྒྱུའི་གོ་སྐབས་ཧ་ལམ་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

ཨེ་པི་གསར་འགོད་པས་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྦི་ཤི་ནུ་པཱར་ཀ་ཤི་ལ་གོང་ཞུས་ཀྱི་གནས་ཚུལ་དེའི་སྐོར་འབྲེལ་བ་ཞུ་སྐབས་ལན་འདེབས་གང་ཡང་གནང་མེད་པ་རེད། གཞི་རྐང་ད་ཐེངས་ཀྱི་༸གོང་ས་མཆོག་གི་མོན་རྟ་དབང་གི་གཟིགས་བསྐོར་དེར་རྒྱ་ནག་གཞུང་ནས་སྐྱོན་བརྗོད་དང་ཉེན་བརྡ་ཤུགས་ཆེ་བཏང་བར་བརྟེན་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་དང་འཁོན་འཛིན་གྱི་རྣམ་པ་དེ་ཇི་ཆུང་དུ་བཏང་རྒྱུའི་ཆེད་དམིགས་པ་ཡིན་སྐོར་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་གསུང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎