རྒྱ་གར་ནང་ལྐོག་ཟར་གདོང་ལེན་དགོས་སྐོར་བཀའ་སློབ།
2012.06.10
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་གདོང་ལེན་དགོས་གལ་ཡོད་ལུགས་གསུངས་གནང་འདུག
བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྲེལ་གྱི་གསུང་བཤད་ནང་༸གོང་ས་མཆོག་གིས་རྒྱ་གར་ནང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་རྙོག་གི་རྐྱེན་པས་རྒྱ་གར་ལ་མིང་རྗེས་ངན་པ་ཡོང་གི་ཡོད་ལུགས་གསུངས་པ་དང་སྦྲགས་དཀའ་རྙོག་དེ་སེལ་ཐབས་ཆེད་བར་ལམ་ནས་རྒྱལ་ཞེན་པ་ཨ་ནྣ་ཧ་ཛ་རེ་ཡིས་ལྐོག་ཟ་རུལ་སྲུངས་འགོག་ཐབས་ཀྱི་ལས་འགུལ་སྤེལ་བ་དེར་རྒྱབ་སྐྱོར་གནང་གི་ཡོད་ལུགས་གསུངས་གནང་འདུག རྡ་སྟེང་བོད་གཞུང་ཟློ་གར་ཚོགས་པའི་ཚོགས་ཁུང་དུ་གོ་སྒྲིག་ཞུས་པའི་ཚོགས་འདུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་བློ་ བཟང་སེངྒེ་མཆོག་དང་རྒྱ་གར་གྱི་ཨར་ཨེས་ཨེས་(RSS) ཧིན་རྡུའི་ཚོགས་དབུ་ཁྲིད་ཨིན་དྲེཤ་ཀུ་མའར་དང་ཇོརྡ་པུར་གྱི་གྲོས་ཚོགས་འཐུས་མི་ཅན་དྲེཤ་ཀུ་མ་རི་བཅས་མཉམ་ཞུགས་གནང་ཡོད་འདུག ཨིན་དྲེཤ་ཀུ་མའར་གྱིས་མེས་པོ་དམ་མ་ཧཏྨ་གན་རྡིའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་ཆ་གཞི་བཟུང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་དགོས་ཀྱི་རེད་ཅེས་གསུངས་གནང་ཡོད་འདུག།