རྒྱ་གར་དུ་ལྷན་ཁང་སོ་སོའི་བློན་ཆེན་གསར་པ་བདམས་ཡོད་པ།

རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུའི་ནང་གཞུང་འཛིན་ཚོགས་པ་བསྐྱར་དུ་ཐོབ་ཡོད་པ་མ་ཟད་ལྷན་ཁང་སོ་སོའི་བློན་ཆེན་ཡང་བདམས་ཡོད་པ་རེད།

2009.05.23

༄༅༎རྒྱ་གར་ཀོང་རེསི་སྲིད་དོན་ཚོགས་པའི་འགོ་འཁྲིད་རྒན་གྲས་སྐུ་ཞབས་པརྰ་ནཔ་མུ་ཁར་ཇི་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་དབུ་འཁྲིད་པའི་རྒྱ་གར་གི་མནའ་འབྲེལ་གཞུང་གསར་པའི་དཔལ་འབྱོར་བློན་ཆེན་དུ་གཟའ་སྤེན་པའི་ཉིན་བསྐོ་བཞག་གནང་འདུག

དགུང་གྲངས་བདུན་བཅུ་དོན་གསུམ་ལ་ཕེབས་པའི་སྐུ་ཞབས་པརྰ་ནཔ་མུ་ཁར་ཇིས་ཀོང་རེསི་ཚོགས་པས་སྣེ་འཁྲིད་པའི་གཞུང་གོང་མའི་སྐབས་ཕྱི་སྲིད་བློན་ཆེན་དང་དེ་རྗེས་དཔལ་འབྱོར་བློན་ཆེན་གྱི་ལས་ཚབ་སོགས་གནང་ཡོད་པ་དང་དཔལ་འབྱོར་བློན་ཆེན་གྱི་ལས་ཚབ་གནང་སྐབས་ཁོང་གིས་རྒྱ་གར་ཐོག་གོ་ལའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེས་ཤུགས་རྐྱེན་ཆེན་པོ་མི་ཡོང་བའི་ཆེད་རྒྱ་གར་གཞུང་གི་འགྲོ་གྲོན་འཕར་མ་གཏོང་དགོས་སྐོར་གསུངས་ཡོད་པ་རེད།

ཡང་དེ་བཞིན་པ་ཀིསི་ཐན་དང་ཨཕ་གཧ་ནིས྄་ཐན་གྱི་ནང་བརྟན་ལྷིངས་མེད་པའི་གནས་སྟངས་དེའི་འོག་རྒྱ་གར་གྱི་གཞུང་གསར་པས་ཕྱི་འབྲེལ་སྲིད་བྱུས་ཐོག་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་ཆགས་རྒྱུ་དང་ཕྱི་འབྲེལ་བློན་ཆེན་དུ་སྲིད་དོན་པ་རྒན་གྲས་སྐུ་ཞབས་ཨེས་ཨེམ་ཀི་རིཤ་ནྰ་ལ་བསྐོ་བཞག་གནང་ཡོད་འདུག

མནའ་འབྲེལ་གཞུང་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་སྐུ་ཞབས་ཤ་རརྡ་པ་བར་སོ་ནམ་ལས་དོན་བློན་ཆེན་གྱི་མཚན་གནས་མུ་མཐུད་བཞེས་རྒྱུ་དང་ཨེ་ཀེ་ཨན་ཏོ་ནིས་བདེ་སྲུང་བློན་ཆེན་གྱི་མཛད་འཁུར་བཞེས་རྒྱུ་ཡིན་འདུག

དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པ་ལ་ནི་ཡཔ་པན་ཅི་དམ་འབའ་རམ་གྱིས་མུ་མཐུད་ནང་སྲིད་བློན་ཆེན་དང་ནུབ་སྦེང་གལ་མངའ་སྡེའི་ཏི་རི་ནྰ་མུལ་ཀོང་རེསི་སྲིད་དོན་ཚོགས་པའི་དབུ་འཁྲིད་ལྕམ་མམ་ཏ་སྦེ་ནར་ཇི་ལ་རི་ལིའི་བློན་ཆེན་དུ་བསྐོ་བཞག་གནང་ཡོད་པ་རེད།

རྒྱ་གར་ཀོང་རེསི་སྲིད་དོན་ཚོགས་པར་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་སྐབས་གྲུབ་འབྲས་ཧ་ཅང་བཟང་པོ་བྱུང་རྗེས་གཟའ་པ་སངས་ཀྱི་ཉིན་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་སྲིད་བློན་ལས་འཁུར་ཐེངས་གཉིས་པ་བཞེས་རྒྱུའི་དམ་བཅའ་ཕུལ་ཡོད་པ་དང་ཁོང་གི་སྲིད་བློན་གྱི་ལས་འཁུར་འདིའི་རིང་གཙོ་བོ་དཔལ་འབྱོར་ཡར་རྒྱས་སླར་གསོ་དང་དབུལ་ཕོངས་ས་ཡ་མང་པོའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཐབས་གནང་རྒྱུ་ཡིན་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎