རྒྱ་གར་དུ་ཕག་པའི་རིམས་ནད་སྐོར།

རྒྱ་གར་ནང་ཕག་པའི་རིམས་ནད་ཀྱིས་རྐྱེན་པས་ཁ་ས་ནད་པ་གསར་པ་མི་བཞི་རྐྱེན་ལམ་དུ་ཕྱིན་པ་དང་ད་བར་ནད་པ་༥༣༠བྱུང་ཡོད་པའི་སྐོར།

2009.11.18

༄༅༎རྒྱ་གར་ནང་རེས་གཟའ་མིག་དམར་ཉིན་སླར་ཡང་ཕག་པའི་རིམས་ནད་H1N1འགོས་ནད་ཀྱིས་རྐྱེན་པས་ནད་པ་གསར་པ་མི་བཞི་རྐྱེན་ལམ་དུ་ཕྱིན་པ་དང་ནད་པ་༥༣༠བྱུང་ཡོད་པའི་སྐོར་དེ་རིང་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གི་དཔོན་རིགས་ནས་གསུང་ཡོད་པ་རེད།

རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀ་དང་གོའོ་ཨ་ ཨུ་ཊར་ཀན་ གུཇ་ར་ཊེ་བཅས་ནང་མི་རེ་རེ་རྐྱེན་ལམ་དུ་ཕྱིན་པ་དང་ཀར་ན་ཊ་ཀ་ནང་ནད་པ་གཅིག་རྐྱེན་ལམ་དུ་ཕྱིན་པ་དེ་ཡིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཁྱོན་ཕག་པའི་རིམས་ནད་དེས་རྐྱེན་པས་ནད་པ་༡༡༩བྱུང་སྟེ་ཁྱོན་གོའོ་ཨ་དང་ཨུ་ཊར་ཀན་ནང་དུ་ནད་པ་ལྔ་རེ་རྐྱེན་ལམ་དུ་ཕྱིན་པ་བསྡོམས་ན་ཁྱོན་གྲངས་ཀ་མང་དུ་ཕྱིན་ཏེ་༤༥བར་འཕར་ཡོད་པ་རེད།

ཡིན་ནའང་རྒྱ་གར་གྱི་ས་གནས་མཱ་ཧ་ར་ཤི་ཏྲ་ནང་དུ་ཁ་སྔོན་ཕྱི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནད་པ་གཅིག་རྐྱེན་ལམ་དུ་ཕྱིན་པ་ནས་བཟུང་ད་ལྟ་བར་དུ་ཟླ་བ་བཞིའི་ནང་དུ་རྐྱེན་ལམ་དུ་ཕྱིན་པའི་ནད་པ་གསར་པ་གཅིག་ཀྱང་བྱུང་མེད་ཀྱང་ས་གནས་དེའི་ནང་སྔོན་ནས་ནད་པ་༢༡༤རྐྱེན་ལམ་དུ་ཕྱིན་ཟིན་པར་བརྟེན་ནས་རྒྱ་གར་རྒྱལ་ཡོངས་ནས་ནད་པ་རྐྱེན་ལམ་དུ་འགྲོ་བའི་གྲངས་ཁ་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་རེད། ད་དུང་རྒྱ་གར་རྒྱལ་ཡོངས་སུ་ཕག་པའི་རིམས་ནད་ཀྱི་ནད་འབུ་H1N1འགོས་ཁྱབ་ཟིན་པའི་ནད་པ་གསར་པ་༡༢༦བྱུང་བའི་གནས་ཚུལ་ཐོན་ཡོད་པ་བཅས་བསྡོམས་པས་ད་ལྟའི་ཆར་ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པའི་གྲངས་འབོར་ཆིག་ཁྲི་ལྔ་སྟོང་བདུན་བརྒྱ་ལྷག་ཟིན་ཡོད་པ་རེད། ད་དུང་ཡང་རྒྱ་གར་རྒྱལ་ཡོངས་ནས་མི་གྲངས་ཁྲི་བརྒྱད་ཙམ་ལ་རྐང་རྒྱ་གར་གཞུང་གི་སྨན་ཁང་དང་ཁག་ཅིག་རྒྱ་གར་སྒེར་གྱི་སྨན་ཁང་དུ་རིམས་ནད་འགོས་ཁྱབ་ཟིན་ཡོད་མེད་བརྟག་དཔྱད་བྱས་པའི་ནང་མི་གྲངས་ཆིག་ཁྲི་དྲུག་སྟོང་ཙམ་ལ་འགོས་ཁྱབ་ཟིན་པ་རྙེད་སོན་བྱུང་ཡོད་པ་རེད། གང་ལྟར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རེས་གཟའ་མིག་དམར་ཉིན་བསྐྱར་ཏུ་ནད་པ་གསར་པ་༦༢ཐོན་ཏེ་ཁྱོན་རྒྱལ་ས་ལྡི་ལིའི་ནང་ནད་པ་གསུམ་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་བདུན་བྱུང་ཡོད་པ་དང་མ་ཧ་ར་ཤི་ཏྲ་ནང་དུ་ནད་པ་གསར་པ་ཉི་ཤུ་རྩ་ལྔ་བསྡོམས་ཁྱོན་ནད་པ་གསུམ་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་བརྒྱད་བྱུང་བ་མ་ཟད་ད་དུང་ར་ཇ་སི་ཐན་ལ་ནད་པ་གསར་པ་༤༣དང་ཨུ་ཊར་པཱར་རྡེཤ་ནང་༡༠། ཊ་མིལ་ན་དྲུ་ནང་༧། ཀར་ན་ཊ་ཀ་ནང་༤བཅས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎