རྒྱ་གར་གྱིས་ཨིཛ་རེལ་ནས་གནམ་དམག་གོ་མཚོན་ཉོ་འཆར།
2009.11.09
༄༅༎རྒྱ་གར་གྱིས་ཨི་ས་རལ་སར་ནས་གནམ་དམག་གི་གོ་མཚོན་ཉོ་སྒྲུབ་བྱ་རྒྱུའི་ཐག་ཆོད་བྱུང་ཡོད་འདུག་རིའུ་ཀྲར་གསར་འགྱུར་ལས་ཁང་ནས་འདི་ཚེས་དགུ་ཉིན་གནས་ཚུལ་སྤེལ་བར་གཞིགས་ན།ཨི་ས་རལ་སར་ནས་རྒྱ་གར་གྱིས་དམག་དོན་བེད་སྤྱོད་ཆེད་དེང་དུས་ཀྱི་འཕྲུལ་ཆས་བྷ་རག་ཨེདྲ་ཞེས་པ་དེ་བཞིན་ཉོ་རྒྱུའི་གྲོས་མཐུན་ལ་ས་རྟགས་བཀོད་ཡོད་འདུག་ལ་གོ་མཚོན་དེ་དག་ཕྱི་ལོ་ཉིས་སྟོང་བཅུ་བདུན་ཙམ་ལ་མཁོ་སྤྲོད་བྱེད་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག གོང་དུ་ཞུས་པའི་འཕྲུལ་ལས་དེ་ནི་མཚོ་དམག་གྱི་གྲུ་འཛིངས་ནང་བཞག་ནས་རྒྱང་ཐག་རིང་པོ་ནས་ཡོང་བའི་མེ་ཤུགས་འཕུར་མདེལ་དང་གནམ་གྲུ།གནམ་དམག་གི་གོ་མཚོན་རིགས་གཏོར་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་པ་མ་ཟད།ས་ཐོག་ཏུའང་བེད་སྤྱོད་བྱེད་རུང་བའི་དེང་དུས་དང་མཐུན་པའི་དམག་དོན་གྱི་གོ་མཚོན་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
གོང་ཞུས་འཕྲུལ་ལས་དེའི་རིན་གོང་དྲོ་ལར་ཐེར་འབུམ་གཅིག་ལྷག་ཙམ་འགྲོ་སོང་འགྲོ་གི་ཡོད་པ་ཞིག་ཡིན་པ་དང་དེ་དག་ཨི་ས་རིལ་ནང་བཟོ་བསྐྲུན་བྱེད་ཀྱི་ཡོད་པ་ཞིག་ཡིན་པ་རེད།རྒྱ་གར་དང་ཨི་ས་རལ་གཉིས་དབར་དེ་སྔ་ནས་དམག་དོན་གྱི་གོ་མཚོན་རིགས་ཚོང་འབྲེལ་ཡོད་མུས་ཡིན་པ་རེད།།