རྒྱ་གར་གྱིས་ཕྱིའི་གོ་མཚོན་ཉོ་སྒྲུབ་ལ་བརྟེན་དྲགས་རྒྱུ་མེད་སྐོར།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་མཆོག་གིས་རྒྱ་གར་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་དྲག་པོའི་གོ་མཚོན་ཉོ་སྒྲུབ་ཐོག་བརྟན་དྲགས་ཡོད་སྐོར་གསུང་འདུག

2009.02.09

༄༅༎རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་མཆོག་གིས་རྒྱ་གར་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་དྲག་པོའི་གོ་མཚོན་ཉོ་སྒྲུབ་ཐོག་བརྟན་དྲགས་པ་དེར་ཁོང་ལ་ཉེས་དམིགས་ཡོད་པའི་ཚོར་བ་ཞིག་ཡོང་གི་ཡོད་སྐོར་གསུང་འདུག

གོང་ཞུས་ཁོང་གི་བཀའ་མོལ་དེ་རྒྱ་གར་གྱི་མཁའ་དབྱིངས་འཕྲུལ་རིག་གི་ཚོགས་འདུ་ཞིག་གི་ཐོག་གསུང་ཡོད་པ་དང་དེ་ཡང་ཁོང་གིས་ང་ཚོས་དྲག་པོའི་གོ་མཚོན་འཕྲུལ་རིག་ཐོག་རང་རྐྱ་འཕེར་བ་བཟོ་རྒྱུའི་ཐོག་ཤིན་ཏུ་ནས་དལ་དྲགས་པ་དེར་ངོས་རང་ལ་མཚམས་རེ་འགྱོད་སེམས་དང་ཉེས་དམིགས་ཡོད་པའི་ཚོར་བ་ཡོང་གི་འདུག་ཅེས་གསུང་འདུག ཡང་ཁོང་གིས་ང་ཚོའི་དྲག་པོའི་འཕྲུལ་རིག་གི་དགོས་མཁོ་ཆ་ཚང་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱེད་མ་དགོས་པ་བཟོ་ཐབས་བྲལ་ཡང་བརྒྱ་ཆ་བདུན་ཅུ་ཐམ་པ་ནང་འདྲེན་བྱེད་དགོས་པའི་གནས་སྟངས་དེ་ངོས་ལེན་བྱེད་ཐབས་བྲལ་སྐོར་དང་དེ་ང་ཚོར་རན་པོ་ཞིག་ཀྱང་ཆགས་ཀྱི་མེད་སྐོར་གསུང་འདུག ཡང་བདེ་སྲུང་བློན་ཆེན་ཨེན་ཐོ་ནི་མཆོག་གིས་གཞུང་ཕྱོགས་ནས་དྲག་པོའི་འཕྲུལ་རིག་གསར་པ་བཟོ་འདོན་བྱེད་རྒྱུར་ཚན་རིག་པ་རྣམ་པར་གང་ཅིའི་རོགས་རམ་གང་ཡོང་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། རྒྱ་གར་ནི་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ཁག་ནང་ནས་དྲག་པོའི་གོ་མཚོན་ནང་འདྲེན་བྱེད་མཁན་གྱི་ཡུལ་ཁག་གཙོ་བོའི་གྲས་ཤིག་ཡིན་པ་དང་ཡུལ་དེས་ཕྱི་ལོ་ཉིས་སྟོང་ཚུན་ཨ་རིའི་ཌོ་ལར་འཐེར་འབུམ་ཉི་ཤུ་རྩ་བརྒྱད་ཀྱི་གོ་མཚོན་ནང་འདྲེན་གནང་ཡོད་པ་རེད། ཡང་ཡུལ་དེས་ཕྱི་ལོ་ཉིས་སྟོང་བཅུ་ཚུན་ཨ་རིའི་ཌོ་ལར་འཐེར་འབུམ་སུམ་ཅུ་ཐམ་པ་མ་གནས་ཀྱི་གོ་མཚོན་ནང་འདྲེན་གནང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎