རྒྱ་གར་དང་པ་ཀིི་སི་ཏན་དབར་གྱི་ཞི་མོལ་ཡག་པོ་བྱུང་བ།

པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་གར་དང་པ་ཀིི་སི་ཏན་དབར་གྱི་ཐེངས་འདིའི་གྲོས་མོལ་ཡག་པོ་བྱུང་སོང་ཞེས་གསུངས་འདུག

2008.05.21

༄༅༎དེ་ཡང་རྒྱ་གར་དང་ཁྱིམ་མཚེས་པ་ཀི་སི་ཏན་གཉིད་དབར་འཁོན་འཁྲུག་ཡོད་མུས་སེལ་ཐབས་སུ་འདས་པའི་ལོ་ངོ་མང་པོའི་རིང་གྲོས་མོལ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༤ ལོར་ཕྱོགས་གཉིས་ཀའི་ངོས་ནས་དོན་དམ་པའི་ཐོག་ནས་གྲོས་མོལ་གྱི་བརྒྱུད་རིམ་ནུས་ཤུགས་ཆེ་རུ་བཏང་ཡོད་པ་རེད། འོན་ཀྱང་འདས་པའི་ཟླ་བ་འགའ་ཤས་རིང་པ་ཀི་སི་ཏན་ནང་། རྒྱལ་ནང་གི་ཟིང་ཆ་མུ་མཐུད་བྱུང་བཞིན་པའི་གནས་སྟངས་འོག་གྲོས་མོལ་གནས་སྐབས་མཚམས་འཇོག་བྱས་དགོས་བྱུང་ཡོད་པ་དེ་དག་སླར་ཡང་མཇུག་སྐྱོང་ཡོང་ཐབས་སུ་དམིགས་ནས་བདུན་ཕྲག་འདིའི་ནང་ཕྱོགས་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་དབར་མཇལ་འཕྲད་ཀྱིས་གྲོས་མོལ་གནང་ཡོད་པ་རེད།

ད་རིང་རེས་གཟའ་ལྷག་པའི་ཉིན་གྲོས་མོལ་མཇུག་བསྒྲིལ་བའི་རྗེས་སུ་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་ཐོག། ཐེངས་འདིའི་གྲོས་མོལ་ཡག་པོ་བྱུང་སོང་དང༌། མུ་མཐུད་ནས་གྲོས་མོལ་རྗེས་མ་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་ལ་གནང་བའི་སྐབས་ཀྱང་གཅིག་མཚུངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ལྷག་པར་དུ་རྩོད་རྙོག་ཅན་གྱི་ཀ་ཤི་མིར་མངའ་སྡེའི་གནད་དོན་ཐོག་ལའང་གྲོས་བསྡུར་ལྷུག་པོ་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་འདུག།

དེ་དང་ཕྱོགས་མཚུངས་གྲོས་མོལ་འདིའི་ཐོག་ནས་པ་ཀི་སི་ཏན་དང་། རྒྱ་གར་གཉིས་ཀའི་བཙོན་ཁང་ནང་། དོགས་གཞི་ཅན་མང་པོ་ཞིག་ལོ་མང་པོའི་རིང་བཙོན་བཅུག་བྱས་ཡོད་པ་དེ་དག་ཞིབ་འཇུག་གིས་གང་མགྱོགས་གློད་ཐབས་བྱེད་རྒྱུའི་ཐག་ལའང་གྲོས་མོལ་བྱུང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎