རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སི་རི་ལང་ཀར་འཚམས་འདྲི།

ཏ་མིལ་སྟག་གྱེན་ལོག་སྒྲིག་འཛུགས་མཐར་འབུད་གཏོང་བཞིན་པའི་སྐབས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སི་རི་ལང་ཀར་ཕེབས་འབྱོར་གནང་རྒྱུ།

2009.01.27

༄༅༎སི་རི་ལང་ཀའི་དཔུང་དམག་གིས་ཡུལ་དེའི་ཏ་མིལ་སྟག་གྱེན་ལོག་སྒྲིག་འཛུགས་མཐར་འབུད་གཏོང་བཞིན་པའི་སྐབས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སི་རི་ལང་ཀར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག

རྒྱ་གར་གཞུང་འབྲེལ་པི་ཀྲི་ཨའེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པར་ནབ་མུ་ཁར་ཇི་དང་སི་རི་ལང་ཀའི་སྲིད་འཛིན་མ་ཧིན་རྡ་ར་ཇ་པག་སེ་རྣམ་གཉིས་མཇལ་འཕྲད་གནང་སྟེ་སི་རི་ལང་ཀའི་ནང་ཁུལ་ཆབ་སྲིད་ཀྱི་དཀའ་རྙོག་དེ་སེལ་ཐབས་ཆེད་རྒྱུན་འཛིན་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་འཚོལ་རྒྱུའི་ཐད་བཀའ་མོལ་གནང་རྒྱུ་ཡིན་འདུག

སི་རི་ལང་ཀའི་ནང་ཡོད་པའི་ཏ་མིལ་མི་རིགས་ཚོ་དང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཏ་མིལ་མི་རིགས་ས་ཡ་༥༥ཙམ་ཡོད་པའི་དབར་ཆོས་ལུགས་དང་སྐད་ཡིག་རིག་གཞུང་བཅས་ཀྱི་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་རེད། སི་རི་ལང་ཀའི་ནང་ཡོད་པའི་ཏ་མིལ་སྟག་བཅིངས་འགྲོལ་སྒྲིག་འཛུགས་ཀྱིས་ཏ་མིལ་མི་རིགས་ཚོར་སི་རི་ལང་ཀ་ནས་ལོགས་སུ་རང་བཙན་འབྱུང་ཐབས་ཆེད་དྲག་དམག་གི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་ན་ཡང་ཉེ་བའི་འཆར་སི་རི་ལང་ཀའི་དཔུང་དམག་གིས་ཏ་མིལ་སྟག་གྱེན་ལོག་སྒྲིག་འཛུགས་ཀྱིས་བཟུང་པའི་ས་ཁུལ་ཁག་ལ་དྲག་རྒོལ་ཤུགས་ཆེ་བྱས་སྟེ་གཟའ་ཉི་མའི་ཉིན་མུ་ལ་ཨིཏ་ལྦུ་ཞེས་གྱེན་ལོག་པས་བཟུང་པའི་དམག་ས་ལྟེ་བ་ཞིག་བླངས་ཐུབ་ཡོད་འདུག དེར་བརྟེན་ད་ཆ་གྱེན་ལོག་པ་ཚོ་སླར་ཡང་འཇབ་དམག་གི་ལས་འགུལ་ནང་ཞུགས་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔགས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎