རྒྱ་གར་གཞུང་ནས་ལྐོག་ཟའི་གནད་དོན་ཐོག་ཞིབ་འཇུག་གནང་རྒྱུ།

རྒྱ་གར་གཞུང་ནས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཞིབ་མཇུག་མཐིལ་ཕྱིན་པ་བྱེད་རྒྱུ་ཡིན་ལུགས་གསུངས་ཡོད་འདུག

2011.02.21

༄༅༎ཟླ་བ་འགའ་ཤས་ནས་གོང་ནས་བཟུང་རྒྱ་གར་གྱི་མནའ་འབྲེལ་གཞུང་འཛིན་གྱི་ཏར་འཕྲིན་བློན་ཆེན་ཨེ་ ར་ཇེས་གཙོས་པས་འབྲེལ་ཡོད་ཁག་ཅིག་ནས་འདས་པའི་ལོ་ཤས་ནང་ཚུད་ལུགས་དང་མ་མཐུན་པའི་ཐོག་ནས་ཚོང་དོན་ཚན་པ་འགའ་ཤས་ལ་ཆོག་ཆ་སྤྲད་པ་དང་། དེ་བཞིན་རྒྱལ་ས་ལྡི་ལིའི་ནང་ཚུགས་པའི་རྩེད་འགྲན་ཆེན་མོ་བཅས་ཀྱི་ལས་དོན་ཁག་འཐུས་ཚང་མེད་པའི་ཁར་ལྐོག་ཟ་རུལ་སུངས་ཚབས་ཆེ་བྱུང་བའི་ཉེས་བཙུགས་བྱས་པ་དང་དེ་དག་གི་ཐོག་ཕྱོགས་འགལ་ཚོགས་པ་ཚོས་ཟུང་སྦྲེལ་གྱི་ཞིབ་མཇུག་ཚོགས་ཆུང་བཙུགས་དགོས་ལུགས་བཤད་པ་སོགས་ཀྱིས་གྲོས་ཚོགས་སྔོན་མའི་ཚོགས་ཐེངས་དེ་བཞིན་རྙོག་ཁྲའི་འོག་ཡག་པོ་ཞིག་ཚོགས་ཐུབ་མེད་པ་རེད། འོན་ཀྱང་ད་རིང་སྔོན་རྩིས་ཀྱི་གྲོས་ཚོགས་ཚུགས་ཡོད་པ་མ་ཟད་སྲིད་བློན་མཆོག་གིས། སྔོན་མའི་གྲོས་ཚོགས་ཚོགས་དུས་དང་མི་འདྲ་བར་ཐེངས་འདིར་ཞི་འཇག་དང་། དོན་འབྲས་ལྡན་པའི་གྲོས་ཚོགས་ཚུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎