རྒྱ་གར་གྱི་དབུས་མཁའ་འགྲུལ་གྱི་བློན་ཆེན་གསར་པ་བསྐོ་བཞག

རྒྱ་གར་དབུས་གཞུང་གི་མཁའ་ལམ་འགྲིམ་བཞུད་བློན་ཆེན་དུ་ཨ་ཇིརྡ་སིང་བསྐོ་བཞག་གནང་ཡོད་འདུག

2011.12.18

༄༅༎རྒྱ་གར་གཞུང་གིས་ཨུ་ཏར་པར་རྡེ་ཤེ་མངའ་སྡེའི་ས་གནས་འོས་བསྡུར་དམིགས་ཏེ་ ར་ཤེ་ཊི་རི་ཡ་ ལོཀ་རྡལ་(Rashtriya Lok Dal) ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཨ་ཇིརྡ་སིང་(Ajit Singh)དབུས་གཞུང་གི་མཁའ་ལམ་འགྲིམ་བཞུད་བློན་ཆེན་དུ་བསྐོ་བཞག་གནང་ཡོད་འདུག
རེས་གཟའ་ཉི་མའི་ཉིན་དགུང་ལོ་༧༢ལ་ཕེབས་པའི་ཨ་ཇིརྡ་སིང་ད་བར་ཐེངས་བཞིན་བློན་ཆེན་བསྐོར་གནང་བྱུང་ཡོད་པ་དང་ ཁོང་གི་ར་ཤེ་ཊི་རི་ཡ་ལོཀ་དལ་ཚོགས་པས་ཀོངྒེརེསེ་ཚོགས་པས་སྣེ་ཁྲིད་པའི་ཆིག་སྒྲིལ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་གནང་བ་དེས་ གྲོས་ཚོགས་མནའ་སྦྲེལ་གཞུང་འཛིན་ཚོགས་པར་གྲོས་ཚོགས་ཀྱི་ཞབས་སྟེགས་རྩ་འབོར་༥༤༣ཡོད་པ་ནས་ཞབས་སྟེགས་༢༧༢ལས་མེད་ཀྱང་ད་ཆ་༢༧༧ལ་འཕར་ཡོད་འདུག། ཨ་ཇིརྡ་སིང་ཆབ་སྲིད་ནང་མ་ཞུགས་གོང་ལོ་བཅོ་ལྔའི་རིང་ཨ་མི་རི་ཀར་ཀོམ་པུ་ཊར་ཆེད་ལས་པ་གནང་རྗེས་ཕྱི་ལོ་༡༩༨༦ལོར་རང་ཡུལ་དུ་ཕྱིར་ལོག་གིས་ཆབ་སྲིད་ནང་འཛུལ་ཞུགས་ཀྱིས་གྲོས་ཚོགས་འོག་མའི་ཁྲིམས་བཟོ་ཐེངས་དྲུག་གནང་མྱོང་ཡོད་པ་རེད། ནུབ་ཕྱོགས་ཨུ་ཏར་པར་རྡེ་ཤེ་མངའ་སྡེའི་ནང་ཁོང་གི་ཚོགས་པར་ནུས་པ་གང་འཚམས་ཡོད་པར་བརྟེན་གཞུང་འཛིན་ཚོགས་པར་རིང་མིན་འོས་བསྡུའི་སྐབས་ཁོང་གི་ཚོགས་པས་རྒྱབ་སྐྱོར་ཐོབ་པའི་ཆེད་དུ་ཁོང་གློ་བུར་དུ་བློན་ཆེན་དུ་བསྐོ་གནང་གནང་བར་ངོས་འཛིན་བྱེད་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎