རྒྱ་གར་དང་ཨ་རིའི་བར་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་ཆིངས་དོན་སྐོར།

རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་གྱི་ཆིངས་དོན་དེར་རྒྱ་གར་དམར་ཤོག་ཚོགས་པས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།

2008.06.17

༄༅༎རྒྱ་གར་གཞུང་འཛིན་ཚོགས་པའི་ངོས་ནས་ རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་གྱི་ཆིངས་དོན་གནས་བབ་མདུན་བསྐྱོད་ཡོང་ཐབས་ཐད་སླར་ཡང་འབད་བརྩོན་བྱེད་བཞིན་པར་ གཞུང་འཛིན་མནའ་འབྲེལ་ཚོགས་པའི་ཁོངས་ རྒྱ་གར་དམར་ཤོག་ཚོགས་པས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་པའི་རྐྱེན་གྱིས་ འཛམ་གླིང་ནང་གི་མང་གཙོའི་ཡུལ་གྲུ་ཆེ་ཤོས་གཉིས་དབར་གྱི་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུའི་འཆར་གཞི་དེར་ལམ་ལྷོངས་ཡོང་རྒྱུའི་རེ་བ་ད་དུང་ཆུང་དུ་ཕྱིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད་

ཨ་མི་རི་ཀ་དང་རྒྱ་གར་དབར་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་གྱི་ཆིངས་ཡིག་ལག་ལེན་དོན་འཁྱོལ་ཡོང་རྒྱུའི་ཆ་རྐྱེན་མེད་དུ་མི་རུང་བ་གཅིག་ནི་ རྒྱ་གར་དང་རྒྱལ་སྤྱིའི་རྡུལ་ཕྲན་ལས་དོན་ལྷན་ཁང་དབར་མོས་མཐུན་གྱི་ཆིངས་དོན་ཐད་མིང་རྟགས་འགོད་རྒྱུ་དེ་ཡིན་ཞིང་ གནད་དོན་འདི་དང་འབྲེལ་ཆགས་ཀྱི་ཐོག་ནས་ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ པཱར་ནབ་མུ་ཁར་ཇི་ དང་ རྒྱ་གར་གྱི་གཡོན་ཕྱོགས་དམར་ཤོག་ཚོགས་པའི་འགོ་འཁྲིད་ཤུགས་ཆེའི་གྲས་ པཱ་ར་ཀ་ཤེ་ཀ་རཏ་ དང་མཇལ་འཕྲད་གནང་སྟེ་ དམར་ཤོག་ཚོགས་པ་ཚོས་རྒྱ་གར་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་དབར་ཆིངས་དོན་འཇོག་རྒྱུར་རྒྱབ་སྐྱོར་འབྱུང་ཐབས་བཀའ་མོལ་གནང་ཡོད་ཀྱང་ དམར་ཤོག་ཚོགས་པས་ཆིངས་དོན་དེ་ནི་ཨ་མི་རི་ཀས་གཏན་འབེབས་བྱས་པའི་ཆིངས་དོན་ཞིག་ཡིན་སྟབས་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་ཚིག་ཐག་ཆོད་པོས་ལན་འདེབས་བྱས་ཡོད་འདུག

གཟའ་འཁོར་སྔོན་མའི་ནང་རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་སིང་མཆོག་གིས་ རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་ནུས་ཤུགས་མཉམ་འབྲེལ་གྱི་ཆིངས་དོན་དེ་ལག་ལེན་དུ་འཁེལ་ཐུབ་པ་བྱུང་ཚེ་ དེས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་མུ་མཐུད་འགྲོ་རྒྱུར་དགོས་ངེས་ཆེ་བའི་ནུས་ཤུགས་ཀྱི་དཀའ་ངལ་སེལ་ཐུབ་རྒྱུ་མ་ཟད་ འདས་པའི་ལོ་གསུམ་བཅུ་ཙམ་གྱི་རིང་རྒྱ་གར་འཛམ་གླིང་གི་རྡུལ་ཕྲན་ཚོང་རྭའི་ནང་བཞུགས་མི་ཆོག་པའི་གནས་སྟངས་དེ་ཡང་མེད་པ་ཆགས་རྒྱུ་ཡིན་སྐོར་ནན་བརྗོད་གནང་ཡོད་པ་རེད་ འོན་ཀྱང་དམར་ཤོག་ཚོགས་པའི་འགོ་འཁྲིད་ ཌི་ར་ཇས་ ང་ཚོས་རྡུལ་ཕྲན་ནུས་ཤུགས་ཐད་ངོ་རྒོལ་བྱེད་ཀྱི་མེད་ ང་ཚོས་ཨ་མི་རི་ཀ་དང་རྒྱ་གར་དབར་གྱི་རྡུལ་ཕྲན་ནུས་ཤུགས་ཀྱི་ཆིངས་དོན་དེར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎