རྒྱ་གར་ཆོས་དཔོན་གྲགས་ཅན་དགོངས་པ་རྫོགས་པ།

རྒྱ་གར་ནང་མི་མང་པོས་དད་པ་དང་ཡིད་ཆེས་ཞུ་སའི་ཆོས་ཕྱོགས་ཀྱི་བླ་མ་ཤྲི་སཏ་ཡ་སའེ་སྦ་སྦ་དེ་རིང་དགོངས་པ་རྫོགས་འདུག།

2011.04.24

༄༅༎རྒྱ་གར་ནང་མི་མང་པོས་དད་པ་དང་ཡིད་ཆེས་ཞུ་སའི་ཆོས་ཕྱོགས་ཀྱི་བླ་མ་ཤྲི་སཏ་ཡ་སའེ་སྦ་སྦ་Sri Satya Sai Baba མཆོག་གུང་གྲངས་༨༤ལ་ཕེབས་ཡོད་པ། དེ་རིང་དགོངས་པ་རྫོགས་འདུག།

སའེ་སྦ་སྦ་ལ་སྨན་བཅོས་ཞུ་མཁན་སྨན་པས་ཁོང་གི་མགུལ་སྙིང་ལ་བརྙུན་གཞི་བྱུང་ནས་སྐུ་ཚེའི་ཕན་པ་རྫོགས་ཡོད་སྐོར་གསུངས་བཞག། སའེ་སྦ་སྦ་མཆོག་གི་སྐུའི་ཁད་མར་བརྙུན་གཞི་དང་དབུགས་བསག་གི་སྐུ་ངལ་བྱུང་ནས་ཟླ་བ་སྔོན་མ་ཁོང་འཁྲུངས་ཡུལ་རྒྱ་གར་གྲོང་ཁྱེར་པུ་ཏ་པར་ཐི་སྨན་ཁང་ནང་ཞུགས་དགོས་བྱུང་ཡོད་པ་རེད།

རྒྱ་གར་ནང་ནང་ཁོང་ལ་དད་པ་ཞུ་མཁན་གྲས་སུ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དང༌། སྲིད་དོན་མི་སྣ། རྩེད་རིགས་མཁས་པ་སོགས་མང་པོ་ཡོད་པའི་གྲས་ནས་སྙན་གྲགས་ཅན་ཁག་ཅིག་ནི་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཏལ་སྦི་ཧ་རི་ལྦཇ་པཡེ་དང་རྒྱ་གར་གྱི་ཀི་རི་ཀེཏ་རྩེད་མོ་མཁས་པ་སཱ་ཆིན་ཏེན་རྡུལ་ཀར་སོགས་ཡིན་པ་རེད། དེ་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ནང་ཁོང་ལ་དད་པ་ཞུ་མཁན་མི་མང་ས་ཡ་མང་པོ་ཡོད་པར་ངོས་འཛིན་ཞུ་གི་ཡོད་པ་རེད། ཁོང་ལ་དད་པ་ཞུ་མཁན་ཚོས་ཁོང་ལ་མཐུ་དང་ནུས་པ་ཡོད་མཁན་ཞིག་ལ་ཡིད་ཆེས་ཞུ་གི་ཡོད་པ་མ་ཟད། སྐབས་རེ་མཛུ་འཁྲུལ་བཏོན་གནང་གི་ཡོད་པའི་བཤད་སྲོལ་ཀྱང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎