ཨ་ན་ཧ་ཛ་རེས་རྒྱ་གར་ནང་གི་ལྐོག་ཟར་ངོ་རྒོལ་བྱས་པ།

མེས་པོ་དམ་པ་གེན་རྡིའི་རྗེས་འཇུག་པ་ཞིག་གིས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཆེད་ལས་འགུལ་སྤེལ་བ་དེར་རྒྱལ་ཁ་ཆེན་པོ་ཐོབ་འདུག

2011.04.10

༄༅༎རྒྱ་གར་ནང་མེས་པོ་དམ་པ་མ་ཧྟ་མྭ་གེན་རྡིའི་རྗེས་འཇུག་པ་ཞིག་གིས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཆེད་ཆུ་ཚོད་༩༨རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེར་རྒྱལ་ཁ་ཆེན་པོ་ཐོབ་པའི་གནས་ཚུལ་ཐོན་འདུག

ཟས་བཅད་ངོ་རྒོལ་གནང་མཁན་ཨ་ན་ཧ་ཛ་རེ་(Anna Hazare)ཡིས་ ངའི་ངོ་རྒོལ་གྱི་ལས་འགུལ་འདི་རྒྱལ་ཡོངས་ཤུགས་རྐྱེན་འདི་ལྟ་བུ་ཡོང་གི་རེད་བསམ་བྱུང་ཞེས་གཞུང་གིས་ཉི་གཅིག་གོང་ཁོང་གིས་ལྐོ་ཟ་རུང་སུངས་ཀྱི་ཁྲིམས་གཞིར་འགྱུར་བ་གཏོང་རྒྱུའི་ཁས་ལེན་གནང་བའི་རྗེས་སུ་གསུངས་གནང་འདུག ཨ་ན་ཧ་ཛ་རེ་ཡིས་རྒྱལ་ས་ལྡི་ལི་གསར་པའི་ནང་རེས་གཟའ་ཕུར་བའི་ཉིན་ཟས་བཅད་ངོ་རྒོལ་འགོ་འཛུགས་གནང་བའི་ལས་འགུལ་དེར་ཕྱོགས་གང་ས་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་སྟེ་ལྐོག་ཟ་རུང་སུངས་ཀྱི་དཀའ་རྙོག་གིས་སྲིད་བློན་མན་མོ་ཧན་སིངྒ་མཆོག་གི་གཞུང་ལ་མིང་རྗེས་ངན་པ་ཡོང་གི་ཡོད་པ་གསལ་པོ་ཆགས་ཡོད་འདུག ཧ་ཛ་རེ་ཡི་དགོས་འདུན་གཙོ་བོ་ནི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཕོག་ཚེ་གཞུང་གི་བློན་ཆེན་གཙོས་པའི་མཐོ་རིམ་དཔོན་རིགས་རྣམས་ཀྱང་ཁྲིམས་སར་སྐྱེལ་རྒྱུའི་ཁྲིམས་གཞི་གཏན་འབེབས་བྱ་རྒྱུ་དེ་ཡིན་པ་ལྟར་ གཞུང་གིས་ཁྲིམས་གཞི་བསྐྱར་བཅོས་ཀྱི་ཚོགས་ཆུང་ཀྱང་གཏན་འབེབས་གནང་ཟིན་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎