རྒྱ་གར་སྲིད་བློན་འབར་མར་འཚམས་གཟིགས་ཕེབས་འཆར༎

རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཁོང་རིང་མིན་འབར་མའི་ནང་གཟིགས་སྐོར་ཕེབས་རྒྱུ་ཡིན་སྐོར་གསུང་ཡོད་ལུགས།

2012.04.02

༄༅༎འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་རྗེས་ རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ ཁོང་རིང་མིན་འབར་མའི་ནང་གཟིགས་སྐོར་ཕེབས་རྒྱུ་ཡིན་སྐོར་གསུང་ཡོད་ལུགས་རྒྱ་གར་གཞུང་གི་དཔོན་རིགས་ཤིག་གིས་དེ་རིང་གསུང་བཞག། རྒྱ་གར་གྱི་སྲིད་བློན་སིང་མཆོག་གི་གཟིགས་སྐོར་དེ་ནི་ མི་ལོ་༢༥རྗེས་སུ་རྒྱ་གར་གྱི་སྲིད་བློན་འབར་མའི་ནང་གཟིགས་སྐོར་ཕེབས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།
མིང་འདོན་གནང་འདོད་མེད་པའི་རྒྱ་གར་གཞུང་གི་དཔོན་རིགས་དེས་གསུང་པར་གཞིགས་ན་ སྲིད་བློན་མཱན་མོ་ཧན་སིང་མཆོག་ཟླ་བ་རྗེས་མ་འབར་མའི་ནང་གཟིགས་སྐོར་ཕེབས་འཆར་ཡོད་འདུག་ འོན་ཀྱང་ཞིབ་གསལ་མཛད་འཆར་སྐོར་གང་ཡང་གསུང་མིན་འདུག་། འབར་མའི་ནང་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་སུ་འདས་པའི་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་ནས་བཟུང་རྒྱ་གར་གཞུང་གིས་འབར་མའི་དྲག་པོའི་གཞུང་དང་ལྷན་དུ་མཐུན་འབྲེལ་དམ་ཟབ་གནང་ཡོད་པ་རེད། རྒྱ་གར་གཞུང་གི་མཛད་ཇུས་དེར་ རྒྱལ་སྤྱིའི་ངོས་ནས་སྐྱོན་བརྗོད་ཞུ་མཁན་ཡང་མང་པོ་བྱུང་ཡོད་པ་ དཔེར་ན་ཕྱི་ལོ་༢༠༡༠ལོར་ ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་རྒྱ་གར་ནང་གཟིགས་སྐོར་ཕེབས་སྐབས་ ཁོང་གིས་ འབར་མའི་དྲག་པོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡིན་ཀྱང་ རྒྱ་གར་གཞུང་གིས་གང་ཡང་གསུང་གི་མིན་འདུག་ཅེས་སྐྱོན་བརྗོད་ཞུས་ཡོད་པ་རེད།
འོན་ཀྱང་སྔ་ལོ་འབར་མའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ནས་ཡུལ་དེ་མང་གཙོའི་ཕྱོགས་སུ་བསྐྱོད་ཐུབ་པ་དེས་རྒྱ་གར་གྱིས་འབར་མའི་མཉམ་དུ་འབྲེལ་བ་བྱས་པ་དེ་འགྲིགས་ཡོད་པའི་ཚོར་བ་ཞིག་རྒྱ་གར་གཞུང་ལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎