རྒྱ་གར་གྱི་སྲིད་བློན་མཆོག་ཕྱི་རྒྱལ་དུ་རྒྱལ་དོན་འཚམས་གཟིགས།

རྒྱ་གར་གྱི་སྲིད་བློན་མཆོག་ཨ་རི་དང་ཕེརན་སི་ཡུལ་གྲུ་གཉིས་ལ་ཉིན་གྲངས་བཅུ་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཐོན་གནང་ཡོད་པ་རེད་

2008.09.22

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་ཨ་མི་རི་ཀ་དང་ཕེརན་སི་ཡུལ་གྲུ་གཉིས་ལ་ཉིན་གྲངས་བཅུ་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཐོན་གནང་ཡོད་པ་རེད་

སྲིད་བློན་མཆོག་རིང་མིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ཚོགས་གནང་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེར་བཅར་རྒྱུ་དང་དེ་ནས་ཕེ་རན་སིའི་གྲོང་ཁྱེར་མའར་སེལ་སེ་ནང་ཡུལ་གྲུ་གཉིས་དབར་འཇོག་གནང་རྒྱུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྡུལ་ཕྲན་འཕྲུལ་རིག་གི་ཆིངས་དོན་དེར་ས་རྟགས་བཀོད་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ དེ་བཞིན་ཁོང་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཕེབས་ནས་རྒྱ་གར་གྱིས་ཨ་རི་ནས་རྡུལ་ཕྲན་འཕྲུལ་རིག་དང་རྒྱུ་ཆ་ བཟོ་འདོན་བྱེད་རྒྱུའི་འཕྲུལ་རིག་མཁོ་སྒྲུབ་བྱེད་རྒྱུའི་ཆིངས་དོན་ཞིག་འཇོག་གནང་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད་ རྒྱ་གར་གྱི་ཕྱི་འབྲེལ་ལྷན་ཁང་གི་དྲུང་ཆེ་ཤིལྦ་ཤང་ཀར་མེ་ནོན་ཡིས་སྲིད་བློན་མན་མོ་ཧན་སིང་མཆོག་གིས་གྲོང་ཁྱེར་ནིའུ་ཡོག་ནང་རྒྱ་ནག་གི་སྲིད་བློན་ལྦན་ཇ་པའོ་དང་པ་ཀི་སི་ཏན་གྱི་སྲིད་བློན་གསར་པ་ཨ་སིཕ་ཨ་ལི་ཛར་རྡ་རི་རྣམ་གཉིས་དང་མཇལ་མོལ་གནང་རྒྱུ་ཡིན་སྐོར་གསུང་འདུག ཡང་སྲིད་བློན་མཆོག་ཕེ་རན་སིའི་གྲོང་ཁྱེར་མའར་སེལ་སེ་ལ་ཕེབས་སྐབས་ཁོང་ཡུ་རོབ་དང་རྒྱ་གར་དབར་གྱི་ལོ་རེའི་ལྷན་ཚོགས་ཐེངས་དགུ་པ་དེར་བཅར་གནང་རྒྱུ་ཡིན་པ་རེད་ དེ་སྔོན་ཨ་རི་དང་རྒྱ་གར་དབར་བཞག་གནང་བའི་རྡུལ་ཕྲན་འཕྲུལ་རིག་གི་ཆིངས་དོན་དེ་དངོས་སུ་ལག་བསྟར་ཡོང་རྒྱུར་ཨ་རིའི་གྲོས་ཚོགས་ནས་ཆོག་མཆན་ཐོབ་དགོས་སྟབས་རྒྱ་གར་གྱི་སྲིད་བློན་མཆོག་ཨ་རིའི་ནང་ཕེབས་སྐབས་ཨ་རིའི་གྲོས་ཚོགས་ཚོགས་དུས་རྫོགས་ལ་ཉེ་བའི་སྐབས་དང་འཁེལ་བས་དེ་འདྲ་སོང་ཙང་ཨ་རི་དང་རྒྱ་གར་དབར་གྱི་ཆིངས་དོན་དེ་དངོས་སུ་འཇོག་ཐུབ་མིན་དེ་ཐེ་ཚོམ་གྱི་གནས་སུ་གྱར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎