རྒྱ་གར་སྲིད་བློན་ཨབ་གའ་ཎི་སི་ཐན་ལ་འཚམས་འདྲི།

རྒྱ་གར་གྱི་སྲིད་བློན་མཆོག་དེ་རིང་ཨཕ་ག་ཎིསི་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་ལྷན་དང་གྲོས་མོལ་མཇལ་འཕྲད་དུ་ཕེབས་ཡོད་པའི་སྐོར།

2011.05.12

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་Manmohan Singhམཆོག་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཨཕ་ག་ནིསི་ཐན་Afghanistanགྱི་རྒྱལ་ས་ཀ་སྦུལ་Kabulརུ་སྲིད་འཛིན་ཧ་མིརྡ་ཀར་ཛའེ་Hamid Karzaiལྷན་དང་གྲོས་མོལ་མཇལ་འཕྲད་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཉེ་སྔོན་ཨེལ་ཁེ་ཌ་Al Qaedaའཇིགས་སྐུལ་དྲག་སྤྱོད་པའི་འགོ་གཙོ་ཨོ་ས་མ་སྦིན་ལ་རྡེན་Osama Bin Laden དམར་བསད་བཏང་པའི་རྗེས་ ཨབ་གི་ནི་སི་ཐན་ནས་ཨ་རིའི་དཔུང་དམག་ལམ་སེང་ཕྱིར་བསྡུ་བྱས་ཚེ་ པ་ཀི་སི་ཐན་དང་ ཨབ་ག་ནི་སི་ཐན་གཉིས་འབྲེལ་བ་དམ་ཟབ་ཡོད་པའི་ཆ་ནས་ རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་གཟིགས་ཀྱི་ཡོད་པ་རེད་ རྒྱ་གར་གྱི་གཞུང་འབྲེལ་མཐོ་རིམ་མི་སྣ་ཞིག་གིས་གསར་འགོད་པ་ཚོར་གནས་ཚུལ་ངོ་སྤྲོད་གནང་པའི་ནང་ དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་འདིའི་སྐབས་ རྒྱ་གར་ངོས་ནས་ འཇིགས་སྐུལ་དྲག་སྤྱོད་པའི་འགོ་དཔོན་ཨོ་ས་མ་སྦིན་ལ་རྡེན་དམར་བསད་བཏང་པའི་གནད་དོན་དེར་སྲིད་འཛིན་ཧ་མིརྡ་ཀར་ཛའེ་མཆོག་གིས་གཟིགས་སྟངས་ཇི་འདྲ་ཡོད་མིན་ཁྱེན་རྟོགས་གནང་རྒྱུ་ཡིན་སྐོར་གསུང་བཞག སྲིད་བློན་མན་མོ་ཧན་སིང་Manmohan Singhམཆོག་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་བརྒྱུད་སྤྱི་སྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན་ ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ལྷན་དང་མཇལ་འཕྲད་སྐབས་མངའ་ཁུལ་ནང་ཡར་རྒྱས་གཏོང་ཕྱོགས་དང་ འཇིགས་སྐུལ་དྲག་སྤྱོད་པ་ཚོར་མཉམ་འབྲེལ་གྱི་གདོང་ལེན་བྱ་ཕྱོགས་བཀའ་བསྡུར་གནང་རྩིས་ཡོད་པ་རེད་ རྒྱ་གར་གྱི་སྲིད་བློན་མཆོག་གིས་གསུངས་ན་ཨོ་ས་མ་སྦིན་ལ་རྡེན་དམར་བསད་བཏང་ཡོད་ནའང་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ཊ་ལི་སྦན་Talibanཤོག་ཁག་གི་་ནུས་ཤུགས་ཅི་ནས་ཉམས་མེད་པ་དང་ཊ་ལི་སྦན་Talibanགྱི་ལྟ་གྲུབ་རྒྱ་ཁྱབ་འགྲོ་མུས་ཡིན་པར་ རྒྱ་གར་དང་ཨབ་ག་ནི་སི་ཐན་གྱི་བདེ་འཇགས་ལ་ཉེན་ཚབས་མུ་མཐུད་གནས་བཞིན་པ་གསལ་འདོན་གནང་བཞག་  དེར་བརྟེན་མངའ་ཁུལ་གྱི་གནས་སྟངས་མདུན་བསྐྱོད་བྱེད་པར་ ཨབ་ག་ནི་སི་ཐན་ནང་རྒྱལ་ཁབ་སྐྱར་གསོ་ལས་དོན་གྲུབ་འབྲས་ལྡན་པ་དགོས་ལ་ ཨབ་ག་ནི་སི་ཐན་རྒྱལ་ཁབ་ཞི་བདེ་ལྷིང་འཇགས་དང་གཅིག་བསྒྲིལ་ཡོང་བར་ མངའ་ཁུལ་དང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཆ་ཚང་གནང་དགོས་པའི་སྐོར་ནན་བརྗོད་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎