རྒྱ་གར་གྱི་བེུད་གསར་འགོད་པ་ཞིག་ལ་བྱ་དགའ།

རྒྱ་གར་གྱི་བེུད་གསར་འགོད་པ་དང་དཔར་པ་རྡིལ་ན་ཛེ་བོ་ག་ལ་འདི་ལོའི་ཕེ་རན་སིའི་གསར་འགོད་ལས་ཁང་གི་བྱ་དགའ་ཞིག་ཐོབ་འདུག

2011.03.17

༄༅༎རྒྱ་གར་བྱང་ཕྱོགས་ཀ་ཤེ་མིར་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་བེུད་གསར་འགོད་པ་དང་དཔར་པ་རྡིལ་ན་ཛེ་བོ་ག་ལ་འདི་ལོའི་ཕེ་རན་སིའི་གསར་འགོད་ལས་ཁང་གི་བྱ་དགའ་ཞིག་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག༎

རང་ལོ་༣༣ལ་སླེབས་པའི་གསར་འགོད་པ་རྡིལ་ན་ཛེ་བོ་ག་ཡིས་འདས་པའི་ལོ་གཅིག་རིང་ཀ་ཤེ་མིར་ནང་གྲགས་ཆེ་བའི་གསར་ཤོག་ཀ་ཤེ་མིར་ ཌིསེ་པེཅ་ཞེས་པ་དང་དེ་མིན་རྒྱལ་སྤྱིའི་དཔར་བསྐྲུན་ཁང་དང་དྲྭ་རྒྱ་གང་མང་གནང་བློ་ཁོག་ཆེན་པོའི་ཐོག་གཟེངས་ཐོན་པའི་གསར་འགོད་ཀྱི་ལས་དོན་གནང་བར་བརྟེན་ནས་ཕེ་རན་སིའི་གསར་ཁང་(Agence France -Presse)ཡིས་འདི་ལོའི་ཀེཊེ་ལྦེབ་ཀྱི་མཚན་ཐོག་གྱི་བྱ་དགའ་དེ་ཁོང་ལ་ཕུལ་རྒྱུ་ཡིན་འདུག། ཀེཊེ་ལྦེབ་ནི་ཕེ་རན་སི་གསར་ལས་ཁང་གི་ཨེ་ཤི་ཡའི་ཁུལ་བེུད་གསར་འགོད་པ་གྲགས་ཅན་ཞིག་ཡིན་པ་དང་གསར་ཁང་གིས་ཕྱི་ལོ་༢༠༠༨ལོར་བྱ་དགའ་དེ་ཁོང་གི་མཚན་ཐོག་གསར་གཏོད་བྱས་པ་ཞིག་ཡིན་འདུག། བྱ་དགའ་དེའི་དམིགས་ཡུལ་ཡང་ དཀའ་ངལ་དང་ཉེན་ཁ་ཆེ་བའི་ཡུལ་གྲུའི་ནང་བེུད་གཙོས་པའི་གསར་འགོད་པས་གཟེངས་ཐོན་པའི་ལས་དོན་བྱས་པ་ངོས་འཛིན་བྱེད་རྒྱུ་དེ་ཡིན་འདུག། རྡིལ་ན་ཛེ་བོ་ག་ཡིས་སྐྱེས་པ་ཕོའི་དབང་འཛིན་ཆེན་པོ་ཡོད་པའི་པའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་སོགས་གང་ཅིའི་ཐད་བརྩི་འཇོག་མེད་པའི་ཁོར་ཡུག་ནང་བློ་སྟོབསཆེན་པོས་གདོང་ལེན་བྱས་ཡོད་སྐོར་ཕེ་རན་སིའི་གསར་ལས་ཁང་གི་ཨེ་ཤེ་ཡ་དང་པེ་སི་ཕིཀ་ཁུལ་གྱི་འགན་འཛིན་ཨི་རིཀ་ལྦི་ཤརྚི་ཡིས་འགྲེལ་བརྗོད་གནང་འདུག གོང་ཞུས་གསར་འགོད་གྱི་བྱ་དགའ་དང་ཕྱག་ཁྱེར་དོད་ཡོ་རོ་གསུམ་སྟོང་རིང་མིན་ཧོང་ཀོང་ནང་མཛད་སྒོ་ཞིག་གི་ཐོག་གནང་རྒྱུ་ཡིན་འདུག ཕྱི་ལོ་༢༠༠༨ལོར་བྱ་དགའ་ཐོག་མ་དེ་པ་ཀི་སི་ཐན་གྱི་གསར་འགོད་པ་མུ་སེ་ཏཁ་ཡུ་སུཕ་ཛའི་ལ་གནང་འདུག ཕྱི་ལོ་༢༠༠༩ལོའི་བྱ་དགའ་དེ་ཕི་ལི་ཕིན་གྱི་ཞིབ་འཇུག་གསར་འགོད་ལས་ཁང་(Philippine Center for Investigative Journalism) ཞེས་པ་དེར་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎