རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་སྐོར།

རྒྱ་གར་དང་པཀིསི་ཏན་གྱི་དཔོན་རིགས་རྣམ་པའི་ཞི་མོལ་དེ་འཛམ་གླིང་གི་རྒྱུགས་རྩེད་འགྲན་བསྡུར་དེ་གནང་བའི་དུས་སྐབས་དང་འཁེལ་འདུག

2011.03.28

༄༅༎ཕྱི་ལོ་༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའི་ནང་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱུང་བའི་རྗེས་རྒྱ་གར་དང་པཀིསི་ཏན་གྱི་དཔོན་རིགས་རྣམ་པའི་ཞི་མོལ་ཐེངས་དང་པོ་དེ་འཛམ་གླིང་གི་ཀི་རི་ཀེཏ་ཞེས་པའི་རྒྱུགས་རྩེད་འགྲན་བསྡུར་དེ་གནང་བའི་དུས་སྐབས་དང་འཁེལ་ཡོད་པ་རེད་

ད་ཐེངས་ཀྱི་ཡུལ་གཉིས་ཀྱི་ཞི་བའི་གྲོས་མོལ་དེར་ཡུལ་སོ་སོའི་སྲུང་སྐྱོབ་ཀྱི་ལས་དོན་གནང་མཁན་ཚན་པ་གཙོ་བོ་ནང་སྲིད་ལྷན་ཁང་གི་དྲུང་ཆེ་རྣམ་གཉིས་ཀྱི་ཚོགས་འདུ་དེ་རྒྱལ་ས་ལྡི་ལིའི་ནང་རེས་གཟའ་ཟླ་བ་ཉིན་གནང་ཡོད་པ་རེད་ འཛམ་གླིང་གི་རྒྱུགས་རྩེད་རྩེད་འགྲན་དེར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་པཀིསི་ཏན་གྱི་སྲིད་བློན་ཡུ་སུཕ་ར་ཛ་གི་ལ་ནི་མཆོག་གདན་འདྲེན་ཞུས་པ་དེས་གོང་ཞུས་ཀྱི་ཞི་མོལ་དེ་ལས་ཡུལ་གཉིས་བར་རྩེད་གནང་རྒྱུའི་རྒྱུགས་རྩེད་ཀྱི་འགྲན་བསྡུར་དེར་དོ་སྣང་ཆེ་བ་ཆགས་ཡོད་པ་རེད་

རེས་གཟའ་ཟླ་བའི་ཡུལ་སོ་སོའི་ནང་སྲིད་དྲུང་ཆེ་རྣམ་པའི་ལྷན་ཚོགས་དེར་རིང་མིན་ཕྱི་ཟླ་༧པའི་ནང་ཡུལ་གཉིས་ཀྱི་ནང་སྲིད་བློན་ཆེན་རྣམ་པས་ཀཤིམིར་དང་འཇིགས་བསྐུལ་དྲག་སྤྱོད་ཀྱི་གནད་དོན་དེ་བཞིན་ཚོང་འབྲེལ་བཅས་པའི་སྐོར་གྲ་སྒྲིག་གི་གྲོས་མོལ་ཞིག་ཆགས་ཀྱི་ཡོད་པ་རེད་ རེས་གཟའ་ལྷག་པ་ཉིན་ཡུལ་གཉིས་ཀྱི་རྒྱུགས་རྩེད་ཀྱི་རྩེད་འགྲན་དེ་མ་གནང་གོང་པཀིསི་ཏན་ངོས་ནས་རྣམ་འགྱུར་བཟང་པོའི་ཚུལ་དུ་ལོ་ངོ་༢༧ཙམ་རིང་པཀིསི་ཏན་གྱི་བཙོན་ཁང་ནང་གསང་ཉུལ་གྱི་ནག་ཉེས་འོག་བཙོན་བཅུག་བྱས་པའི་རྒྱ་གར་བའི་བཙོན་པ་གོ་པལ་རྡ་སེ་ཞེས་པ་དེ་གློད་བཀྲོལ་བཏང་ཡོད་པ་རེད་ རེས་གཟའ་ལྷག་པ་ཉིན་རྩེད་གནང་རྒྱུའི་རྒྱུགས་རྩེད་ཀྱི་འགྲན་བསྡུར་དེ་རྒྱུགས་རྩེད་ཀྱི་ཕྱི་འབྲེལ་ཞེས་པར་གྲགས་པ་དང་དེ་སྔོན་ཡང་ཡུལ་གཉིས་བར་གྱི་རྒྱུགས་རྩེད་ཀྱི་འགྲན་བསྡུར་སྐབས་འབྲེལ་ལམ་དེ་ལྷོད་དུ་འགྲོ་བའི་ལམ་སྲོལ་ཞིག་ཆགས་ཡོད་པ་རེད་ དཔེར་ན་ཕྱི་ལོ་༢༠༠༥ལོར་པཀིསི་ཏན་གྱི་དྲག་པོའི་འགོ་འཁྲིད་པཱར་ལྦེཛ་མུ་ཤ་རཕ་རྒྱ་གར་དུ་རྒྱུགས་རྩེད་འགྲན་བསྡུར་ཞིག་གཟིགས་པར་ཕེབས་སྐབས་ཕྱོགས་གཉིས་ཀྱིས་ཀཤིམིར་གྱི་ས་མཚམས་དེ་སྒོ་ཕྱེ་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད་            ཡིན་ནའང་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་གི་ཆེད་བརྗོད་ནང་ཡུལ་གཉིས་བར་བྱུང་བའི་རྒྱུགས་རྩེད་ཀྱི་ཕྱི་འབྲེལ་དེ་དུས་ཡུན་ཐུང་ངུ་ཞིག་ལས་གནས་ཀྱི་མེད་པའི་སྐོར་བྲིས་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎