ཕྱི་ལོ་ཉིས་སྟོང་བཅུ་ལོའི་འབར་མའི་འོས་བསྡུ་དྲང་བདེན་ཡོང་མིན།

ཕྱི་ལོ་༢༠༡༠འི་འོས་བསྡུའི་ལས་དོན་སྤེལ་བ་ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འོས་བསྡུ་དེ་དྲང་བདེན་བྱུང་ཡོད་པ་ངོས་ལེན་ཞུ་ཐུབ་ཀྱི་མ་རེད།

2009.07.21

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨིན་ཌོ་ནེ་ཤི་ཡའི་གཞུང་གིས་གལ་ཏེ་འབར་མའི་དྲག་པོའི་གཞུང་གིས་དོ་དམ་བཀག་ཉར་འོག་ཏུ་གནས་བཞིན་པའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་གློད་འགྲོལ་མ་བཏང་བར་དྲག་པོའི་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་འོས་བསྡུའི་ལས་དོན་སྤེལ་བ་ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འོས་བསྡུ་དེ་དྲང་བདེན་བྱུང་ཡོད་པ་ངོས་ལེན་ཞུ་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད།

ཨིན་ཌོ་ནེ་ཤི་ཡའི་གཞུང་གིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོར་འབར་མའི་དྲག་པོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་རྣོ་ངར་ཆེ་བའི་བྱ་ཐབས་ལག་བསྟར་ཞིག་བྱ་དགོས་གལ་ཆེ་བའི་གནོན་ཤུགས་སྤྲོད་བཞིན་པ་ལྟར་ཨིན་ཌོ་ནེ་ཤི་ཡའི་ཕྱི་སྲིད་བློན་ཆེན་ཧ་སན་ལྦི་ར་ཡུ་རྡ་ཡིས་དེང་སྐབས་ཨིན་ཌོ་ནེ་ཤི་ཡའི་གླིང་ཕྲན་ཐོག་ཚོགས་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་གི་ལྷན་ཚོགས་ཀྱི་ཟུར་ཏུ་ཨེ་པི་གསར་འགོད་པར་གསུངས་དོན་ལ་ང་ཚོ་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཁབ་ཀྱི་ཐོག་ནས་འབར་མའི་དྲག་པོའི་གཞུང་ལ་མ་འོངས་པའི་འོས་བསྡུའི་ལས་དོན་ནང་ངེས་པར་དུ་འབར་མའི་ནང་གི་སྤྱི་ཚོགས་ཀྱི་ཚོགས་པ་ཡོངས་རྫོགས་མཉམ་ཞུགས་ཐུབ་པ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་ཐད་ཀར་བཀའ་མོལ་ཞུ་གི་ཡོད་ལ་ལྷག་པར་དུ་འོས་བསྡུའི་ལས་དོན་ནང་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་ཡི་དམངས་གཙོ་ཚོགས་པ་མཉམ་ཞུགས་བྱ་རྒྱུ་དང་ཁོང་དོ་དམ་འོག་ནས་གློད་འགྲོལ་བཏང་སྟེ་འོས་བསྡུའི་ལས་དོན་དྲང་བདེན་དང་དམངས་གཙོ་ལྡན་པ་ཡོང་རྒྱུའི་ཆ་རྐྱེན་སྐྲུན་དགོས་ཀྱི་རེད་ཅེས་དང་ད་ལྟ་ནས་རྩིས་པའི་མ་འོངས་ཕྱི་ལོ་ཉིས་སྟོང་བཅུ་བར་གྱི་དུས་ཚོད་དེའི་ནང་ང་ཚོས་འབར་མའི་དྲག་པོའི་གཞུང་གིས་རང་དབང་དང་དྲང་བདེན།དམངས་གཙོ་དང་ལྡན་པའི་འོས་བསྡུའི་ལས་དོན་ཞིག་སྤེལ་རྒྱུ་དང་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་བྱ་ཐུབ་པའི་ལས་དོན་ཐད་ཡར་རྒྱས་ཀྱི་ཁ་ཕྱོགས་ཇི་འདྲ་ཞིག་ཐོག་བསྐྱོད་ཀྱི་ཡོད་མེད་དོ་སྣང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎